Jump to content

ལ་ལ་བཙས་བརྩིགས་

ཡོང་ཁུངས་Wikipedia

བོད་ཀྱི་རི་བོ་མཐོན་པོ་འགའ་ཞིག་ལ་མི་ཕྱུགས་བགྲོད་ན་ཐར་བའི་འགྲོ་ལམ་ཡོད་ཅིང་། དེ་འདྲའི་རི་མགོ་མཐོ་ཤོས་ཀྱི་རྩེ་ལ་ལ་བཙས་ཟེར་བའི་རྡོ་སྤུངས་དང་ལྷ་གསོལ་བའི་དར་ཕུང་ཡོད། འགྲུལ་པ་རྣམས་དེར་སླེབས་ན་རང་ཡུལ་ཕྱོགས་སུ་ཁ་གཏད་ནས་ལྷ་གསོལ་དང་སྨོན་ལམ་རྒྱག་སྲོལ་ཡོད།
དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།