Jump to content

ལ་མོ་

ཡོང་ཁུངས་Wikipedia

(ལ་མོ་ཚངས་པ་དུང་ཐོད་ཅན)བོད་ཀྱི་ལོ་རྒྱུས་ཐོག་བཤད་སྲོལ་ལ། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་རྒྱ་གར་ནས་བོད་དུ་ཕེབས་སྐབས་མི་མ་ཡིན་གྱི་གཙོ་བོ་ཞིག་རྗེས་སུ་འབྲངས་ནས་འོངས་པ་ཁོང་གིས་དམ་ལ་བཏགས་ནས་སྲུང་མར་བསྐོས་པ་ཚངས་པ་ཞི་བ་དང་དྲག་པོ་སྟེ་ཡོངས་གྲགས་སུ་ཆོས་སྐྱོང་བསེ་ཁྲབ་པ་ཚངས་པ་ཟེར་བ་དེ་ཡིན། སྲུང་མ་དེའི་རྟེན་གནས་ནི་ལྷ་སའི་ཤར་ཕྱོགས་ལ་མོར་ཡོད་པས་སྲུང་མ་དེའི་མཚན་སྟབས་བདེར་འབོད་སྐབས་ལ་མོ་ཆོས་སྐྱོང་ཟེར་ཞིང་ཆོས་སྐྱོང་དེའི་དབུ་ཐོད་ཆིངས་ཤིག་བཞེས་པའི་རྩེ་མོར་དུང་དཀར་གྱི་ཡོད་པས་ན་ཚངས་པ་དུང་ཐོད་ཅན་ཞེས་ཀྱང་ཟེར།
དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།

"https://bo.wikipedia.org/w/index.php?title=ལ་མོ་&oldid=82936"ལས་སླར་རྙེད་སོང།