Jump to content

ལ་ཕྱི་གངས་ཀྱི་ར་བ་

ཡོང་ཁུངས་Wikipedia

གངས་རྒྱལ་མོ་མཐོན་མཐིང་ངམ་ཡོངས་གྲགས་སུ་ཇོ་མོ་གླང་མར་འབོད་པ་དེ་ཡིན། སངས་རྒྱས་ཆོས་ལུགས་གྱི་གསང་སྔགས་ཀྱི་གཞུང་ནས་བཤད་ཚུལ་ལ། གངས་རི་འདི་བཞིན་འཁོར་ལོ་བདེ་མཆོག་གི་ཡུལ་ཉི་ཤུ་རྩ་བཞིའི་ནང་ཚན་གོོ་དཱ་ཝ་རི་ཡིན་ཞེས་བཤད་སྲོལ་ཡོད་ཅིང་། རི་འདིའི་ཕྱི་དབྱིབས་གངས་རི་རྩེ་ལྔ་པ་ལ། ༡.དབུས་སུ་ཇོ་མོ་ཚེ་རིང་མཆེད་ལྔའི་ནང་ཚན་བཀྲ་ཤིས་ཚེ་རིང་མ་དང་། མཐའ་སྐོར་དུ་རིམ་བཞིན། ༢.ཇོ་མོ་མཐིང་གི་ཞལ་བཟང་མ་དང་། ༣.མི་གཡོ་བློ་བཟང་མ། ༤.ཅོད་པན་མགྲིན་བཟང་མ། ༥.གཏད་དཀར་འགྲོ་བཟང་མབཅས་གནས་ཡོད་པར་བཤད། དེང་སང་གངས་རི་རྩེ་ལྔ་འདིའི་གསུམ་པ་ལ་ཇོ་མོ་གླང་མར་འབོད་པ་ནི། ཇོ་མོ་ལྷ་ལྔ་མ་ཞེསའབོད་པའི་བོད་སྐད་ཀྱི་སྒྲ་དེ་ཟུར་ཆག་ནས་ཇོ་མོ་གླང་མར་འགྱུར་བ་མིན་ནམ་སྙམ། དེ་མིན་ཇོ་མོ་གླང་མ་ཞེས་འབོད་པའི་རྒྱུ་མཚན་གཞན་མ་རྙེད་པས་དཔྱད་པར་ཞུ་ཞིང་། གངས་རི་འདི་ཉིད་རྒྱ་མཚོའི་ངོས་ལས་མཐོ་ཚད་ཇི་ཙམ་ཡོད་པ་སོགས་ཀྱི་སྐོར《ཀྲུང་གོའི་ས་ཁམས་ཆགས་ཚུལ་གྱི་ཤེས་ཡོན》སྐོར་ལས་གསལ།
དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།