རླབས་དམར་

ཡོང་ཁུངས་Wikipedia

རླབས་དམར་ནི་ཁོར་ཡུག་གི་ཆ་རྐྱེན་ངེས་གཏན་འོག་རྒྱ་མཚོའི་ནང་གི་སྐྱེ་དངོས་དང་སྲོག་ཆགས་རིགས་མང་བོ་མཉམ་དུ་འདུས་སྡོད་བྱས་པའམ། མང་དུ་འཕེལ་བ་ཡིས་ཆུའི་ཁ་དོག་བསྒྱུར་བའི་སྐྱེ་ཁམས་སྣང་ཚུལ་རིགས་ཤིག་ཡིན་ལ། རླབས་དམར་ཞེས་པ་ནི་ངེས་པར་དུ་རླབས་དམར་པོ་ལ་གོ་བ་མ་ཡིན་ཞིང་། དེ་ལ་ཡང་ཁམ་མདོག་དང་ལྗང་གུ་སོགས་རིགས་མང་བོ་ཡོད་པ་ཡིན།

ཆུ་ཁར་གཡེང་བའི་སྐྱེ་དངོས་ཀྱི་རིགས་ལ་ཆུ་རྐྱལ་གྱི་ནུས་པ་ཞན་པ་ནི། ཆུ་ཁར་གཡེང་བ་དང་ཆུ་ཡི་རྒྱུ་བར་བརྟེན་ནས་འགུལ་སྐྱོད་བྱེད་པའི་རྒྱ་མཚོའི་སྐྱེ་དངོས་རིགས་ཤིག་ཡིན།

དེང་རབས་ཅན་གྱི་བཟོ་ཞིང་ལས་ཐོད་སྐྱེད་འཕེལ་རྒྱས་ཀྱི་འགྲོས་ཧ་ཅང་མྱུར་བ་དང་བསྟུན་ནས། མཚོ་འགྲམ་ས་ཁུལ་གྱི་མི་གྲངས་མང་དུ་འཕེལ་བ་དང་བཟོ་ཞིང་ལས་ཀྱི་བཙོག་ཆུ་སོགས་རྒྱ་མཚོར་འདྲེས་པ་དང་། དེའི་ཁྲོད་ཀྱི་བཙོག་ཆུ་མང་ཆེ་བ་ཐག་གཅོད་མ་བྱས་པར་རྒྱ་མཚོར་བཞུར་བ་ཡིན་ཞིང་། དེ་དག་དང་ཐག་ཉེ་བའི་རྒྱ་མཚོ་སོགས་ལ་གནོད་སྐྱོན་ཚབས་ཆེན་ཐེབས། དེ་དང་མཉམ་དུ་མཚོ་འགྲམ་གྱི་གསར་སྤེལ་གྱི་ཚད་མང་དུ་ཕྱིན་པ་དང་། རྒྱ་མཚོའི་གསོ་སྤེལ་ལས་རིགས་མང་དུ་ཕྱིན་པ་ཡིས། རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་དང་གསོ་སྤེལ་ལས་རིགས་རང་སྟེང་གི་སྦག་བཙོག་གི་གནད་དོན་མང་བོ་ཐོན་པ་ཡིན།

མཚོ་ཆུའི་འཚོ་བཅུད་ཧ་ཅང་འཛོམས་པོ་ཡོད་པ་ནི་རླབས་དམར་འབྱུང་བའི་མ་མཐའི་ཆ་རྐྱེན་ཡིན་ལ། གྲོང་ཁྱེར་གྱི་བཟོ་ལས་བཙོག་ཆུ་དང་འཚོ་བའི་བཙོག་ཆུ་མང་བོ་རྒྱ་མཚོར་བཞུར་བ་ཡིས། དེའི་ཁྲོད་ཀྱི་འཚོ་བཅུད་འཛོམས་པའི་དངོས་རྫས་ཀྱི་རིགས་ཆུ་ཡི་ནང་ནས་མང་དུ་འཕེལ་བ་དེ་ལ་ཟེར་ཞིང་། ཡང་སྐྱེ་ལྡན་དངོས་པོ་ལ་ལ་ཞིག་གིས་ཀྱང་རླབས་དམར་གྱི་སྐྱེ་དངོས་མང་དུ་འཕེལ་བར་ནུས་པ་ཆེན་པོ་ཐོན་པ་ཡིན།

རྒྱ་མཚོའི་དྲོད་ཚད་ནི་རླབས་དམར་འབྱུང་བའི་ཁོར་ཡུག་གི་ཆ་རྐྱེན་གལ་འགངས་ཆེ་བ་ཞིག་ཡིན་ལ། ཧྲེ་ཧྲིའི་དྲོད་ཚད་ཉི་ཤུ་ནས་སུམ་ཅུའི་བར་ནི་རླབས་དམར་འབྱུང་བར་འཚམ་པའི་དྲོད་ཚད་ཡིན་ཞིང་། ཚན་རིག་པ་ཡིས་བདུན་ཕྲག་གཅིག་གི་ནང་དུ་ཆུའི་དྲོད་ཚད་གློ་བུར་དུ་འཕེལ་ནས2℃ཀྱི་ཡན་ལ་བརྒལ་ན། དེ་ནི་རླབས་དམར་འབྱུང་བའི་སྔ་ལྟས་ཡིན་པ་ཤེས་རྟོགས་བྱུང་།

མཚོ་ཆུའི་གསོ་སྤེལ་རང་སྟེང་གི་སྦག་བཙོག་ནི་རླབས་དམར་འབྱུང་བའི་རྒྱུ་རྐྱེན་གྲས་ཀྱི་གཅིག་ཡིན་ཞིང་། རང་བྱུང་གི་ཆ་རྐྱེན་ཡང་ནི་རླབས་དམར་འབྱུང་བའི་རྒྱུ་རྐྱེན་གལ་ཆེ་བ་ཞིག་ཡིན་ལ། རླབས་དམར་མང་དུ་བྱུང་བ་ནི་མི་རྒྱུ་རྐྱེན་དུ་བྱས་པ་གཙོ་བོ་ཡིན་པ་ལས་གཞན། ད་དུང་འཕྲེད་ཐིག་དང་དུས་ཚིགས། རྒྱ་མཚོའི་རླབས་རྒྱུན་སོགས་དང་འབྲེལ་བ་དམ་ཟབ་ཡོད།