Jump to content

རྭ་སྟག་དོན་རྐྱེན་གྱི་སྐོར།

ཡོང་ཁུངས་Wikipedia

རབ་བྱུང་བཅུ་དྲུག་པའི་མེ་ཕག(༡༩༤༧)ལོའི་ནང་སྲིད་སྐྱོང་ཟུར་པ་རྭ་སྒྲེང་དང་སྲིད་སྐྱོང་ལས་ཐོག་སྟག་བྲག་བར་ཕྱོགས་གཏོགས་སོ་སོའི་ཤུགས་རྐྱེན་གྱིས་འགལ་བ་ཇེ་ཆེར་སོང་མཐར་དེ་ལོ་སེ་ར་བྱེས་གྲྭ་ཚང་དུ་གྲྭ་པ་ཁག་གཅིག་སྡེབ་འུར་གྱིས་མཁན་པོ་བསྟན་དར་བསད་པ་དང་། སེར་བྱེས་གྲྭ་པ་ཁ་ཤས་ཀྱིས་མཚན་མོ་ཞིག་གྲོང་ནང་ཡོང་སྟེ་ས་འདུ་ཚང་ཁྱིམ་ཚང་ནས་མེ་མདའ་འཕྲོག་པ་སོགས་བྱས། ཟླ་གཉིས་པའི་ནང་རྭ་སྒྲེང་རྒྱལ་ཟུར་རྭ་སྒྲེང་དགོན་པར་བཞུགས་པ་ནས་འཛིན་བཟུང་བྱས། རྭ་སྒྲེང་ཛ་སག་སོགས་ཁོངས་གཏོགས་ཀྱི་མི་སྣ་རྣམས་ཀྱང་བཟུང་སྟེ་ཕོ་བྲང་པོ་ཏ་ལའི་ཤར་ཆེན་ལྕོག་ཏུ་དོ་དམ་བྱས། སེར་བྱེས་ཀྱིས་རྭ་སྒྲེང་རྒྱལ་ཟུར་སྐྱོབ་ཕྱིར་འཐབ་འཛིངས་བྱས་པར་བོད་ས་གནས་སྲིད་གཞུང་ནས་དམག་མི་འབོར་ཆེན་བཏང་སྟེ་མནན་པས་དམག་འཐབ་ནང་གྲྭ་པ་བཅུ་ཙམ་སྲོག་ཤོར་བ་དང་། དམག་མི་ཡང་ཁ་ཤས་ཤི་བ་སོགས་བྱུང་། དེ་ནས་ཉིན་ཁ་ཤས་རྗེས་རྭ་སྒྲེང་རྒྱལ་ཟུར་ཤར་ཆེན་ལྕོག་ཏུ་སྐུ་གཤེགས།དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།