རྫུ་འཕྲུལ་
རྫུ་འཕྲུལ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་མཁས་ཀྱི་ཡོན་ཏན་གྱི་ཁྱད་པར་ཞིག་ཡིན་ཏེ། "རྫུ་འཕྲུལ་གྱི་དཔེས་སྡོད་ཀྱང་གཞན་དོན་དུ་མི་སྐྱོ་བ།"[༡] ཞེས་གསུངས། "ཡེ་ཤེས་ཀྱི་རྫུ་འཕྲུལ་ཕ་རོལ་ཏུ་སོན་པ་དམིགས་རྟེན་གྱི་རྣམ་པ་མེད་པ་བཞིན་དུ། འགྲོ་བ་དག་ལ་དོན་བྱེད་པའི་ཐབས་ཀྱི་བྱ་བ་རྣམ་པ་མཐའ་ཡས་པ་སྟོན་ཀྱང་དུས་རིང་བ་བསྐལ་པ་བྱེ་བར་འཁོར་བར་གནས་ཀྱང་སེམས་ལ་སྐྱོ་བ་མེད་ཅིང་ལུས་ལ་དུབ་པའང་མེད་དོ། །"[༢]ཞེས་གསུངས་པ་ལྟར་རོ། །
སྒྲ་བཤད།
[རྩོམ་སྒྲིག]རྫུ་ནི་ངོ་མཚར་བའི་དོན་དང་། འཕྲུལ་ནི་སྤྲུལ་པའམ་འགྱུར་བའི་དོན་ཏེ། "རྫུ་འཕྲུལ་གྱི་ཆོ་འཕྲུལ་དུ་མ་རྣམ་པར་འཕྲུལ་པ་འགྲོ་བ་དང་འཆག་པ་དང་ཉལ་བ་དང་འདུག་པའི་སྤྱོད་ལམ་བཞི་སྟོན་ཀྱང་།"[༣] ཞེས་གསུངས་སོ། །
དབྱེ་བ།
[རྩོམ་སྒྲིག]རྫུ་འཕྲུལ་གྱི་རྐང་པ་བཞི། "ལྷའི་རྣ་བ་དང་མིག་དང་རྫུ་འཕྲུལ་ཏེ་མངོ༷ན་པར༷་ཤེས༷་པ་གསུམ་སྟེ་"[༤]ཞེས་དང། "འདུན་པ་ལ་སོགས་པ་དང་ལྷན་ཅིག་བྱེད་པ་རྫུ་འཕྲུལ་གྱི་རྐང་པ་བཞི་ཉེ་བར་མཚོན་པ་སྟེ།"[༥] ཞེས་གསུངས་སོ། ། རྫུ་འཕྲུལ་གྱི་དཔེ་བརྗོད། "དཔེར་ན་དགེ་སློང་ཞེས་པ་ནས། དུབ་པ་མེད་ཞེས་པའི་བར་ལ། དགེ་སློང་གི་ དཔེ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་མཁས་པ་ནམ་མཁའ་ལྟ་བུའི་ཆོས་ཉིད་སྟོང་པ་ཉིད་ལ་གནས་ཤིང་། ཡེ་ཤེས་ཀྱི་རྫུ་འཕྲུལ་ཕ་རོལ་ཏུ་སོན་པ་དམིགས་རྟེན་གྱི་རྣམ་པ་མེད་པ་བཞིན་དུ།"[༦] ཞེས་དང་། "དཔེར་ན་ཁྱད་པར་གྱི་ལམ་གྱི་སྟོབས་ཀྱིས་རྫུ་འཕྲུལ་གྱི་སྟོབས་ཆེན་པོ་དང་ལྡན་པ་ཞིག་ནམ་མཁར་གནས་ཏེ།"[༧] ཞེས་གསུངས། ཐབས་དང་ཤེས་རབ་ཀྱི་རྫུ་འཕྲུལ། "ཤེས་རབ་དང་ཐབས་དང་སྟོབས་དང་རྫུ་འཕྲུལ་གྱིས་ནི་རྣམ་པར་སྤྱོད་པ་དེ་དག་ནི།"[༨] ཞེས་དང་། "ཡེ་ཤེས་དང་རྫུ་འཕྲུལ་གྱི་ཕ་རོལ་ཏུ་སོན་པ་གྱུར་པ་ལ་ནི་འབད་རྩོལ་དང་ངལ་བ་སོགས་མེད་པར།"[༩] ཞེས་གསུངས་སོ། །
རྩོད་སྤོང་།
[རྩོམ་སྒྲིག]"སྒྱུ་མའི་སྤྲུལ་པ་དེ་ལ་ནི་མི་རྟ་སོགས་ཀྱི་ལུས་དངོས་མེད་ཅིང་སེམས་མེད་ཀྱང་མེད་ལ། དེ་དག་ལ་ནི་མི་རྟ་སོགས་ཀྱི་མིང་དངོས་གནས་སུ་འཇུག་པ་མེད་ཅིང་ཕྱིས་ཡོད་པ་མ་ཡིན་ནོ། །"[༡༠]ཞེས་དང་། "སྤྲུལ་པ་ལེགས་པར་གོམས་པའི་སྟོབས་ཀྱིས་དུབ་པ་མེད་དོ། །"[༡༡]ཞེས་གསུངས་པ་ལྟར་རོ། །
ལུང་ཁུངས།
[རྩོམ་སྒྲིག]- ↑ འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས། ཤོག་ངོས་ 69a-69b
- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་གྱི་ནོར་བུ། ལྕགས་པར། ཤོག་ངོས་ 91
- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས་ 37b
- ↑ འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས། ཤོག་ངོས་ 108b
- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་ 73
- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་གྱི་ནོར་བུ། ལྕགས་པར། ཤོག་ངོས་ 91
- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་ 106
- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས་ 37a
- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས་ 37b
- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས་ 45b
- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་ 106