རྩམ་ཁུག་དྲ་བ།
རྩམ་ཁུག་དྲ་བ།
རྩམ་ཁུག་ནི་གསར་དུ་བཟོས་བའི་དེང་རབས་བོད་ཀྱི་ཁྱད་ཆོས་ལྡན་པའི་དྲ་རྒྱ་ཞིག་ཡིན། བོད་ཡུལ་ནི་གླུ་གར་གྱི་རྒྱ་མཚོ་ཡིན་པའི་དཔེ་བཞིན་དུ་བོད་ཡུལ་སྟོད་སྨད་བར་གསུམ་ནས་གླུ་བ་གླུ་མ་ཆར་རྗེས་ཀྱི་ཤ་འོད་ཇི་བཞིན་མང་ནས་མང་དུ་འཕེལ་བཞིན་པ་ལ། གླུ་བ་གླུ་མ་སུ་ཡིན་ཡང་དུས་གཅིག་ལ་མཉམ་དུ་ཉན་པ་པོའི་འདོད་ལོ་བཞིན་ཉན་ཐུབ་པར་སྟབས་བདེ་ཆེད་དྲ་ཚིཊ་འདིར་ཕྱོགས་བསྡུས་བྱས་ཡོད། ད་ལམ་བོད་ཡིག་དྲ་ཚིགས་སྟེང་གླུ་གཞས་ཁོ་ན་ཉན་ཐུབ་པའི་དྲ་ཚིགས་ཅིག་མེད་པས་འདི་ནི་ཆེས་ཐོག་མའི་བོད་ཀྱི་གཞས་དང་གཞས་ཚིག་མཉམ་དུ་རོ་མྱོང་ཐུབ་པའི་དྲ་ཚིགས་དངཐུན་མིན་གྱི་ཁྱད་ཆོས་ལྡན། དེ་དང་དེ་བཞིན་དུ་བོད་ཕྱི་ནང་གཉིས་ན་གསར་དུ་ཐོན་པའི་གླུ་གཞས་དང་བརྙན་པར། བརྙན་ཐུང་སོགས་ཉན་པ་པོའི་དགོས་དམིགས་ལ་གཞིག་པའི་ཕབ་ལེན་བྱེད་པ་སོགས་ཀྱི་ཁྱད་ཆོས་མང་དུ་མངའ་བས་སྣ་འཛོམས་རང་བཞིན་གྱི་དྲ་རྒྱ་གསར་བ་ཞིག་ཡིན། དྲ་རྒྱའི་མིང་ཡང་རྩམ་ཁུག་ཅེས་འདོགས་དོན་ནི་རྩམ་པ་གསོག་འཇོག་བྱེད་སའི་ཁུག་མ་ལ་རྩམ་ཁུག་ཞེས་པ་བཞིན་མི་རིགས་རང་གི་ཐུན་མོང་མ་ཡིན་པའི་གླུ་གཞས་སོགས་དྲ་ངོགས་ནས་ཉན་ཐུབ་པའི་ཁྱད་ཆོས་གཙོ་བོར་མཚོན་པར་བྱེད་པའམ། བོད་ཀྱི་ཆོས་དང་རིག་གཞུང་། ཕ་མེས་ནས་བརྒྱུད་པའི་སྲོལ་བཟང་རྣམས་བསླབ་བྱའི་ཚུལ་དུ་གཞས་བ་གཞས་མ་ཚོས་གདམས་པའམ་གཞེན་སྐུལ་སོགས་ཀྱི་ཁྱད་ཆོས་མངའ། དྲ་མིང་དུའང་རྩམ་ཁུག་ཅེས་བཀོད་ཡོད་པ་བཞིན་དྲ་ཚོགས་འདིར་ཞུགས་མཁན་གྱི་ཉན་པ་པོ་རྣམས་ལ་ཡང་རྩམ་དྲི་ཁ་བའི་བོད་གཤིས་ངོ་མ་ཞིག་དང་རྩྭ་ཐང་སོགས་ཅིག་ཅར་དུ་དྲན་དུ་འཇུག་ཐུབ་པས་སོ།། རྩམ་ཁུག་ནི་གསར་དུ་བཟོས་བའི་དེང་རབས་བོད་ཀྱི་ཁྱད་ཆོས་ལྡན་པའི་དྲ་རྒྱ་ཞིག་ཡིན་ནའང་དྲ་བའི་རིག་གནས་འདི་ཉིན་རེ་ཉིན་རེར་འཕེལ་རྒྱས་འགྲོ་བཞིན་ཡོད་པས་ང་ཚོས་རྩམ་ཁུག་དྲ་ཚིགས་འདི་ཁ་པར་ནང་མཉེན་ཆས་ཨན་ཌོ་ཅན་དང་མཉེན་ཆས་ཀུ་ཤུ་མ་ལག་ཅན་ནང་ནས་གླུ་གཞས་ཉན་ཐུབ་འབད་བརྩོན་བྱས་དང་བྱེད་བཞིན་ཡོད་པ་དང་། ཡར་རྒྱས་ལ་མཐའ་མེད་པ་བཞིན་དྲ་ཚིགས་འདི་ནི་ད་དུང་སྔར་བཞིན་འཐུས་ཇེ་ཚང་དང་སྤུས་ལེགས་སུ་བཏང་དང་གཏོང་བཞིན་པ་ཡིན་ལ་དེ་དང་མཉམ་དུ་ཁྱེད་ཅག་གི་དགོངས་ཚུལ་དང་མཆན་འདེབས་ཐུབ་ན་ང་ཚོ་ཐུན་མོང་ལ་དབང་བའི་དྲ་ཚིགས་རྩམ་ཁུག་འདི་སྤུས་ལེགས་ཀྱི་དྲ་ཚིགས་ཤིག་ཏུ་འགྱུར་བར་ཐེ་ཚོམ་མི་དགོས།