Jump to content

རྩ་མཆོག་གྲོང་།

ཡོང་ཁུངས་Wikipedia

རྩ་མཆོག་གྲོང་།

སཱ་ར་ནྰ་ཐ་ནས་ཏ་སིལ་དེ་བོ་རི་ཡ་བར་དང་དེ་ནས་མོ་ཊར་ནས་ཀུ་ཤི་ན་གར་ལ་སླེབས། དེ་ནི་རྩྭ་མཆོག་གྲོང་ཡིན་ཅིང་དེང་སང་མིང་ལ་མ་ཐ་ཀུ་ཝར་ཟེར། རྒྱ་གར་ཤར་ཕྱོགས་ན་ཡང་རྩྭ་མཆོག་གྲོང་སོགས་ཡོད་ཅིང་། ནུབ་ཕྱོགས་ཨཕ་གྷ་ནི་སིཏན་དུ་ཡང་སྐུ་འཁྲུངས་པ། ཆོས་འཁོར་བསྐོར་བ། མྱ་ངན་ལས་འདས་པའི་གནས་ཐམས་ཅད་ཡོད་ཅིང་། དེ་བཞིན་ཡུལ་གྲུ་གཞན་མང་པོར་ཡང་ཡོད་མོད། སྟོན་པ་རང་ཉིད་གདུལ་བྱ་ཐུན་མོང་གི་ངོར་མྱ་ངན་ལས་འདས་པའི་གནས་ནི་ཡུལ་དབུས་ཀྱི་འདི་ཉིད་འཁྲུལ་མེད་ཡིན་ནོ། ། བྷར་མས་བཞེངས་པའི་གསེར་གྱི་མཆོད་རྟེན་གྱི་ཤར་མེ་ལི་གཅིག་ལྷག་ཙམ་ན་མཆོད་རྟེན་ཞིག་པོ་ཨམྲའི་སྡོང་པོ་སྐྱེས་པ་ཞིག་ཡོད་པ་དེ་མུཀཊ་བན་དྷན་བྱ་བའི་མཆོད་རྟེན་ཏེ་སྐུ་གདུང་ཞུགས་ལ་བཞུས་པའི་གསན་ཡིན་ཅིང་། དེང་སང་གི་མིང་ལ་རམ་བྷར་ཞེས་ཟེར། དེ་གྱད་ཀྱིས་དབུ་རྒྱན་བཅིང་བའི་མཆོད་རྟེན་ཞེས་མདོ་ལས་འབྱུང་བ་དེ་ལགས། དེར་སླད་གསར་དུ་བཞེངས་པའི་བོད་དགོན་ཞིག་ཀྱང་མཇལ་རྒྱུ་ཡོད།

རྩྭ་མཆོག་གྲོང་ནས་མོ་ཊོར་ཐོག་གོ་རག་པུར་ལ་སླེབས། གྲོང་ཁྱེར་དེའི་མཐའ་ན་གོ་རག་ནཱ་ཐ་ཕན་བྱ་བའི་ལྷ་ཁང་ཞིག་ཡོད་པ་དེ་གྲུབ་ཐོབ་བརྒྱད་ཅུའི་ནང་གི་རཀྵའི་བཞུགས་གནས་ཡིན་ཟེར་ཞིང་། གྲུབ་ཆེན་དེའི་ཆོས་བརྒྱུད་ཕྱི་རོལ་པའི་ལུགས་དང་བསྲེས་ནས་འཛིན་པ་རྣ་བ་ལ་ཨ་ལོང་ཆེན་པོ་བཏགས་པའི་སྡེ་ཚན་དེ་དག་ཡིན་ཅིང་ད་དུང་གྲུབ་ཆེན་དེའི་དོཧ་ཡ་འདོན་པར་བྱེད།

<<རྒྱ་གར་ནང་པའི་གནས་ཆེན་ཁག་གི་གནས་ཡིག>> ལས་བཤུས། དེབ་འདི་ནི་བོད་གཞུང་ཤེས་རིག་ལས་ཁུངས་གིས་ཕྱི་ལོ ༡༩༩༦ ལོར་དཔར་བསྐྲུན་བྱས།