རྩ་བརྒྱུད་བླ་མ་

ཡོང་ཁུངས་Wikipedia

རྩ་བའི་བླ་མ་དང་བརྒྱུད་པའི་བླ་མ་གཉིས་ལ་ཟེར།

1.《གངས་ལྗོངས་མཁས་དབང་རིམ་བྱོན་གྱི་རྩོམ་ཡིག་གསེར་གྱི་སྦྲམ་བུ》ལས། རྩ་བའི་བླ་མ་དང་བརྒྱུད་པའི་བླ་མ་གཉིས་ཏེ། རང་ལ་དབང་ཁྲིད་མན་ངག་གནང་བའི་ཐུན་མོང་མ་ཡིན་པའི་བླ་མ་ནི་རྩ་བའི་བླ་མ་དང་། ཆོས་རྒྱུན་གཅིག་ནས་གཅིག་ཏུ་བརྒྱུད་པའི་བླ་མ་ནི་བརྒྱུད་པའི་བླ་མའོ། ། 2.《དུང་དཀར་ཚིག་མཛོད་ཆེན་མོ》ལས། རྩ་བའི་བླ་མ། རང་ལ་དངོས་སུ་ཡོན་ཏན་སློབ་མཁན་ལ་ཟེར། བརྒྱུད་པའི་བླ་མ། རང་གི་བླ་མ་དེའི་བླ་མ་སོགས་བླ་མ་གོང་མ་ཚོར་ཟེར།