རྩ་གཉིས་རྟགས་རིས་

ཡོང་ཁུངས་Wikipedia

གྲངས་འཛིན་དུས་རབས་ཀྱི་འགྲོས་དང་བསྟུན་ཏེ་རྩ་གཉིས་རྟགས་རིས་ང་ཚོའི་འཚོ་བའི་ནང་དེ་བས་སྤྱོད་སྒོ་ཆེ་བ་ཡོད།ལས་གནས་མང་པོ་ཞིག་ཏུ་རྩ་གཉིས་རྟགས་རིས་ཡོད་པ་དང་དྲ་ཚིགས་ལ་བལྟ་དུས་རྩ་གཉིས་རྟགས་རིས་བཤེར་དགོས་པ།གྲོགས་པོ་ཕན་ཚུན་འོས་སྦྱོར་ངོ་ཤེས་གཏོང་བར་རྩ་གཉིས་རྟགས་རིས་བཤེར་དགོས།ཚལ་ཁྲོམ་དུ་ཚལ་ཉོ་དགོས་ཚེ་རྩ་གཉིས་རྟགས་རིས་བཤེར་དགོས་པ་བཅས་རྩ་གཉིས་རྟགས་རིས་ཀྱིས་ང་ཚོའི་འཚོ་བར་སྟབས་བདེ་ཆེན་པོ་བསྐྲུན་ཡོད།དུས་མཚུངས་རྩ་གཉིས་རྟགས་རིས་ལ་ཡང་མངོན་མེད་ཀྱི་བདེ་འཇགས་རྐྱེན་ངན་ལྡན་ཡོད་དེ་ཧོལ་རྒྱུག་ཏོག་ཙམ་ཤོར་ཚེ་མི་སྒེར་གྱི་ཆ་འཕྲིན་ཕྱི་ལ་གྱར་འགྲོ་གི་ཡོད།རྩ་གཉིས་རྟགས་རིས་ཀྱི་རྩ་བའི་གཞུང་ལུགས་དེ་ཡང་སྙིང་ཅི་ཞིག་ཡིན་པ་དང་གང་འདྲ་བྱས་ཏེ་རྩ་གཉིས་རྟགས་ལས་རིས་ཀྱི་ཉེན་ཁར་དོགས་ཟོན་བྱེད་དགོས་སམ།

རྩ་གཉིས་རྟགས་རིས་གསལ་རྟོགས་མ་བྱས་གོང་ང་ཚོས་སྔོན་ལ་དེའི་སྔོན་དུ་བྱུང་བའི་—ནར་དབྱིབས་ཨང་རྟགས་ལ་གསལ་རྟོགས་ཞིག་བྱེད་དོ།ནར་དབྱིབས་ཨང་རྟགས་དེས་ཚོང་ཟོག་གང་དེའི་ཨང་རྟགས་བཀོད་པ་དང་སྦོམ་ཕྲ་མི་གཅིག་པའི་མདོག་ནག་ནར་ཐིག་གིས་ཚོང་ཟོག་རྐྱང་པའི་མཛུབ་རིས་གྲུབ་ཡོད།དཔེར་ན།ཚོང་ཟོག་གི་ཐུམ་སྒྲིལ་ཐོག་རྒྱུན་དུ་སྦོམ་ཕྲ་མི་སྙོམས་པའི་དཀར་ནག་ནར་ཐིག་མཐོང་རྒྱུ་ཡོད་ཅིང་དེའི་ནང་ཁོངས་སུ་ཚོང་ཟོག་ཨང་རྟགས་ཀྱི་ཆ་འཕྲིན་ཡོད་དེ་དཔེར་ན།རིན་གོང་དང་ཚོང་ཟོག་གི་མིང་སོགས་ཡིན།འོན་ཏེ་ནར་དབྱིབས་ཨང་རྟགས་ལ་ཁ་ཕྱོགས་གཅིག་གི་སྟེང་ཨང་རྟགས་བཀོད་ཡོད་པས་དེར་བརྟེན་རྩ་གཅིག་རྟགས་རིས་ཞེས་བརྗོད་ཀྱི་ཡོད།རྩ་གཅིག་རྟགས་རིས་ཀྱི་གྲངས་ཚད་ལ་ཚད་བཀག་ཡོད་པ་དང་ཆ་འཕྲིན་ཤོང་ཚད་ཆུང་བ་མ་ཟད་དངོས་གཟུགས་བཤེར་མདའ་ཁོ་ནས་དངོས་ཟོག་ལ་ཞིབ་བཤེར་བྱེད་ཐུབ་པ་ཙམ་ཡིན་པས་དེར་བརྟེན་ནར་དབྱིབས་ཨང་རྟགས་ཀྱི་རྨང་གཞིའི་ཐོག་རྩ་གཉིས་རྟགས་རིས་གྲུབ་པ་ཡིན།

དོན་དངོས་ཐོག་རྩ་གཉིས་རྟགས་རིས་དེ་ལྐོག་འགྱུར་དེ་ཙམ་མེད་ཅིང་དེ་ནི་ཆ་འཕྲིན་དེ་རྣམས་དཀར་ནག་གྲུ་བཞིར་བསྒྱུར་སྒྲིག་བྱས་ནས་དེ་རྗེས་དེ་དག་གྲུ་བཞི་ཆེ་བ་ཞིག་གི་ནང་སྐོང་འཇུག་བྱས་པ་ཞིག་ཡིན།ཆ་འཕྲིན་དང་དཀར་ནག་གྲུ་བཞི་གཉིས་གང་འདྲ་བྱས་ཏེ་བལྟོས་བཅས་སུ་གྲུབ་དགོས་སམ་ཞེ་ན།དེ་ནི་དུས་རབས་དབྱེ་འབྱེད་ཀྱི་དོན་སྙིང་ལྡན་པའི་གསར་གཏོད་གཉིས་གོང་འགྲིལ་ལུགས་བརྒྱུད་དེ་ཡི་གེ་དང་གྲངས་ཀ།མཚོན་རྟགས་བཅས༼ ༠ ༽དང་༼ ༡ ༽ལས་གྲུབ་པའི་ཡིག་རྟགས་མུ་སྦྲེལ་སྟར་ཕྲེང་དུ་སྒྲིག་བསྒྱུར་བྱས་ཡོད་པ་དང་། གྲུ་བཞི་དཀར་པོས༼ ༠ ༽མཚོན་པ་དང་གྲུ་བཞི་ནག་པོས༼ ༡ ༽མཚོན་ཡོད།དེ་རྗེས་་ཆོས་ཉིད་ངེས་གཏན་གཞིར་བཟུང་དཀར་ནག་གྲུ་བཞི་དེ་དག་སྟར་སྒྲིག་བྱས་པས་རྩ་གཉིས་རྟགས་རིས་གྲུབ་ཡོད།རྩ་གཉིས་རྟགས་རིས་དོན་དངོས་སུ་ཆ་འཕྲིན༼གཞི་གྲངས༽རྣམས་གཉིས་གོང་འགྲིལ་ལུགས་སུ་སྒྲིག་སྒྱུར་བྱས་ཤིང་སླར་གཉིས་གོང་འགྲིལ་ལུགས་ཨང་རྟགས་དེ་རྩ་གཉིས་རྟགས་རིས་གྲུ་བཞིའི་ནང་སྐོང་འཇུག་བྱས་པ་ཞིག་ཡིན།འོ་ན་ཟུར་དུ་ལུས་པའི་གྲུ་བཞི་ནག་པོ་གསུམ་པོ་དེར་སྤྱོད་ནུས་ཇི་འདྲ་ཞིག་ཡོད་དམ།ཞེ་ན།དེ་དག་ནི་གནས་གཏན་ཁེལ་བྱེད་པར་སྤྱོད་པ་ཞིག་ཡིན།ཁྱེད་ཀྱིས་འཕྲེད་བཤེར་དང་གཞུང་བཤེར་ཅི་ཞིག་བྱས་ཀྱང་ཚང་མར་རྩ་གཉིས་རྟགས་རིས་ནང་འཁོད་པའི་ཆ་འཕྲིན་ཡང་དག་འཁྲུལ་མེད་དུ་ལེན་ཐུབ།ནར་དབྱིབས་ཨང་རྟགས་དང་བསྡུར་ན་དེ་ནི་ངོས་སྙོམས་ཁ་ཕྱོགས་ཁོ་ནར་ཆ་འཕྲིན་གསོག་ཉར་བྱེད་པ་དང་རྩ་གཉིས་རྟགས་རིས་དེ་རྩ་ཚད་གཉིས་ཀྱི་སྟེང་ཆ་འཕྲིན་བཀོད་ཀྱི་ཡོད་པས་ཆ་འཕྲིན་གྱི་གསོག་ཉར་འབོར་ཚད་མང་དུ་ཕྱིན་ཡོད།

ད་ལྟ།རྩ་གཉིས་རྟགས་རིས་སྟེང་མི་སྒེར་གྱི་ཆ་འཕྲིན་དེ་བས་མང་བ་འདུས་ཡོད་པས་ང་ཚོའི་འཚོ་བའི་ཁྲོད་ཆ་ཤས་གཙོ་བོ་ཞིག་ཏུ་གྲུབ་ཟིན་པ་དང་ཆབས་ཅིག་རྩ་གཉིས་རྟགས་རིས་དེ་ཁྲིམས་འགལ་ཅན་གྱིས་དྲ་ཐོག་ཁ་བསླུས་རྒྱག་པ་དང་ཆ་འཕྲིན་ངན་པ་བརྒྱུད་སྤེལ་བྱེད་པའི་ལག་ཆ་གསར་པ་ཞིག་ཆགས་ཡོད།གང་འདྲ་བྱས་ཏེ་རྩ་གཉིས་རྟགས་རིས་ཀྱི་མངོན་མེད་བདེ་འཇགས་རྐྱེན་ངན་ལ་དོགས་ཟོན་བྱེད་དགོས་སམ།ཞེ་ན།དང་ཐོགཡོང་ཁུངས་གསལ་པོ་མེད་པའི་རྩ་གཉིས་རྟགས་རིས་བཤེར་རྒྱུ་མེད།གང་ཡིན་ཞེ་ན།རྩ་གཉིས་རྟགས་རིས་དེ་ཡོངས་བསྒྲགས་མེད་པའི་ཆ་འཕྲིན་འདྲེན་རྟེན་གྱི་ལག་ཆ་ཞིག་ཡིན་པས་ཤིང་རྟའི་ནད་དུག་གམ་མངོན་མེད་སྦྲེལ་སྣེ་འཁྱེར་ཡོང་བ་མ་ཟད་རྟགས་རིས་བཤེར་བ་དང་དུས་མཚུངས་ནད་དུག་དེ་དག་གིས་ཆ་འཕྲིན་གམ་མི་སྒེར་གྱི་རྒྱུ་ནོར་རྐུ་ལེན་བྱེད་ཀྱི་ཡོད།གཉིས་ནས་ཅ་དངོས་ཉོས་ཏེ་དངུལ་སྤྲོད་སྐབས་དངུལ་སྤྲོད་དབྱིབས་ཨང་ལ་སྲུང་སྐྱོབ་བྱ་རྒྱུར་དོ་སྣང་བྱས་ནས་ཁྲིམས་འགལ་གྱིས་རྐུ་ལེན་བྱེད་པར་སྔོན་འགོག་བྱེད་དགོས།མཇུག་ཏུ་སྔོན་འགོག་འདུ་ཤེས་སྲ་བརྟན་དུ་བཏང་ནས་རྩ་གཉིས་རྟགས་རིས་ལ་ངོས་འཛིན་བྱེད་པའི་ཆུ་ཚད་གོང་མཐོར་གཏོང་བ་དང་རྩ་གཉིས་རྟགས་རིས་བཀོལ་སྤྱོད་ཡང་དག་བྱས་ཏེ་རྩ་གཉིས་རྟགས་རིས་ཀྱིས་ང་ཚོའི་འཚོ་བར་དེ་བས་སྟབས་བདེ་བསྐྲུན་ཐུབ་པ་བྱེད་དགོས།

པར་རིས་བར་འཁྱམས།[རྩོམ་སྒྲིག]

ད་དུང་གཟིགས།[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག[རྩོམ་སྒྲིག]