རྨུ་ཐག་
མཐོང་རིས་
རྨུ་ཐག་གི་བཤད་སྲོལ།
[རྩོམ་སྒྲིག](དམུ་) བོན་རྣམས་ཀྱི་བཤད་སྲོལ་དུ། འོད་ཀྱི་རྨུ་ཐག་ཅེས་པ་ནི་གནམ་ནས་མི་ཡུལ་དུ་བྱོན་པའི་རྒྱལ་པོ་ཡིན་ཕྱིན་སྤྱི་གཙུག་ཏུ་ལྷན་སྐྱེས་རང་ཆས་སུ་ཡོད་པའི་འོད་དཀར་པོ་ཐག་པ་བརྐྱང་བ་ལྟ་བུ་ཞིག་ཡོད་ཅིང་། རྒྱལ་པོ་དེ་འདས་སྐབས་རྨུ་ཐག་དེ་ལ་འཇུས་ནས་ནམ་མཁར་ཡལ་འགྲོ་བའི་དབང་གིས་བོད་ཀྱི་རྒྱལ་པོ་ནི་གནམ་ལྷ་བབས་ཀྱི་རྗེ་བོ་དང་འགྲེང་མགོ་ནག་མི་ཡི་བདག་པོ་ཡིན་ཟེར། རྒྱ་ཡིག་གི་ལོ་རྒྱུས་སུ་གོང་མ་ལ་གནམ་བསྐོས་གོང་མ་དང་གནམ་སྲས་ཟེར་བའི་ཤོད་ཚུལ་ཡོད་པ་དང་འདྲ་ཡང་། ཕན་ཚུན་གཅིག་གིས་གཅིག་ལ་དཔེ་བལྟས་པ་དང་ཤུགས་རྐྱེན་ཐེབས་པ་དེ་འདྲ་མིན། །