རྨ་སྒོ་ཆོས་ཀྱི་ཤེས་རབ།
རྨ་སྒོ་ཆོས་ཀྱི་ཤེས་རབ།
[རྩོམ་སྒྲིག]འདི་ཉིད་རྨ་སྨོན་ལམ་གྱི་སྲས་སུ་རབ་བྱུང་པོའི་ཤིང་ལུག་(༡༠༥༥)ལོར་ཡར་སྟོད་སྐྱེར་སྣར་འཁྲུངས། སྐུ་ན་གཞོན་ནུའི་དུས་རབ་ཏུ་བྱུང་སྟེ་མཚན་ཆོས་ཀྱི་ཤེས་རབ་ཏུ་བཏགས། ཡབ་ལས་པདྨ་དབང་ཆེན་གསན། དེ་ནས་སྤྱོད་ཕྱོགས་དང་དབུ་མ་དང་དོ་ཧ་སྟོད་ལུགས་དང་གྲུབ་སྙིང་གསན། དགུང་ལོ་བཅུ་དགུར་ཕེབས་སྐབས་དམ་པ་དང་མཇལ་ཏེ་གདམ་ཞིག་གནང་འཚལ་ཞུས་པས། དོན་གྱི་ཕྱག་རྒྱ་ཆེན་པོ་བསྟན་གྱི་གསུངས་ནས་མིག་ནི་མི་འཛུམས་སེམས་ནི་མ་འགགས་པ་དང་། རླུང་འགགས་པ་ནི་དཔལ་ལྡན་བླ་མས་རྟོགས། ཤེས་བྱ་བ་ལ་སོགས་པའི་གཞུང་ལ་བརྟེན་ནས་རྩ་བའི་ངོ་སྤྲོད་མཛད་པས་ཉམས་རྟོགས་ཁྱད་པར་ཅན་འཁྲུངས། དེ་རྗེས་བཀོད་པ་དྲུག་ཅུ་རྩ་བཞི་པའི་རྡེའུ་ཁྲིད་གནང་ནས་དམ་པའི་སར་ཟླ་བགསུམ་བཞུགས། དེ་ནས་ཡུལ་དུ་བྱོན་ཏེ་འཁོར་འདབ་དང་ནོར་རྫས་སྤངས་ཏེ་སྒྲུབ་པ་པོར་མཛད་ནས་རྨའི་ཕུག་པར་ལོ་གཅིག་བཞུགས་པ་དང་། ཀོང་པོ་བྲག་གསུམ་གྱི་མཚོ་རྫོང་ལ་བྱོན་ནས་ལོ་དགུ་བཞུགས། ད་ནི་དཝསེམས་ཅན་གྱི་དོན་འོང་ངམ་དགོངས་ནས་དྭགས་པོ་རྫོང་ཁར་འཁོར་མང་དུ་བསྟེན། དེ་ནས་ཡར་ལུང་དུ་བྱོན་ནས་ཀྱི་ཚང་ལོ་གསུམ་བཞུགས། བུ་སློབ་མང་དུ་འཚོགས་ཞིང་ཆོས་ཞུ་གང་བྱུང་དུ་བཞུགས་སོ། ཁོང་ལ་བུ་ཆེན་ལྔ་བྱོན། གང་བར་གཤེན། ཤུད་བུ་ལོ་ཙཱ་བ། བླ་མ་ཤེའུ། སོག་པོ་མདོ་སྡེ། ཞ་དགའ་ལྡན་པ་བཅས་སོ། །