རྨ་ཆེན

ཡོང་ཁུངས་Wikipedia
   ནང་དོན་འདིའི་རེ་བ།གཙང་མ་བཟོས་པ། .
ཁྱེད་ཀྱིས་ཐུབ་ན་ནང་དོན་འདིར་བཟོ་བཅོས་ལེགས་པར་གྱིས།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སྤྱིའི་ངོ་སྤྲོད།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ནི་མཚོ་བོད་མཐོ་ཐང་དཀྱིལ་དབུས་དང༌། རྨ་ཆུའི་མགོ་ཁུངས། མཚོ་སྔོན་ཞིང་ཆེན་གྱི་ཤར་ལྷོའི་མཚམས་ན་གནས་ཡོད། ས་བབ་ གནས་ཚད་ནི་ཤར་གྱི་གཞུང་ཐིག་ཧྲེ་ཧྲི་ཏོའུ༩༧དང༥༤ནས་ཧྲེ་ཧྲི་ཏོའུ༡༢༡དང་༥༠བར་ཡིན། འཕྲེད་ཐིག་བྱང་མ་ཧྲེ་ཧྲི་ཏོའུ༣༢ དང༣༡ནས་ཧྲེ་ཧྲི་ཏོའུ༣༥དང༤༠བར་ཡིན། ཁུལ་སྲིད་གཞུང་རྟ་བོ་ནས་ཞིང་ཆེན་ལྟེ་གནས་ཟི་ལིང་བར་སྤྱི་ལེ༤༤༠ཡོད། ཤར་ཕྱོགས་སུ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དང༌། ལྷོ་ཕྱོགས་སུ་ཟི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཡོད། ནུབ་ཕྱོགས་སུ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དང་འབྲེལ་ཡོད། བྱང་ཕྱོགས་སུ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ལྷོ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་འབྲེལ་ཡོད། སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ་ཁྲི༧,༨ཡིན། མཚོ་སྔོན་ཞིང་ཆེན་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆ༡༠ཟིན་ཡོད། མགོ་ལོག་ནི་མཚོ་སྔོན་ཞིང་ཆེན་གྱི་ཕྱུག་ལས་ཐོན་སྐྱེད་ཀྱི་ས་གནས་གཙོ་བོ་ཅིག་ཡིན་ལ། ས་དབྱིབས་ཀྱི་ཆ་་ནུབ་བྱང་ནས་ཤར་ལྷོའི་ཕྱོགས་སུ་ཡོན་ཞེད་དང༌།། ནུབ་བྱང་ས་ཁུལ་དུ་ས་བབ་མཐོ་ལ། རི་འབུར་མང་བ། ས་དབྱིབས་ཁོད་སྙོམས་པ། ཤར་ལྷོའི་ས་ཁུལ་དུ་ས་བབ་མཐོ་ཞིང་རི་མཐོ་མང་ལ་ཐུར་གཟར་རོང་ཟབ་བཅས་སོ། ཆ་སྙོམས་མཚོ་འཕགས་རྨིད༤༠༠༠ཡན་ལ་སླེབས་ཡོད། མགོ་ལོག་ཁུལ་མངའ་ཁུངས་སུ་གངས་རིའི་དབུ་རྩེ་གཟེངས་ཤིང༌། རི་རབས་ཕྲེང་བ་བསྣོལ་མར་བསྟར།་བ་ཡན་ཧ་རི་ལྷོ་ཕྱོགས་སུ་མུ་འབྲེལ་གྱིས་འགྱིང་ལ། རྨ་ཆེན་གངས་རི་བྱང་གི་ཕྱོགས་སུ་རྣམ་པར་བརྗིད། གླང་ཆེན་ལྟར་འགྱིངས་པའི་གཉན་པོ་གཡུ་རྩེ་ཤར་ལྷོའི་ཆ་རུ་འགྲེང་ཞིང༌། ད་དུང་ཆུ་ཕྲན་དང་མཚོ་དང་མཚེའུ་བརྒྱ་སྟོང་གིས་བརྒྱན་ཡོད། རྨ་ཆུ་འབྲི་ཆུ་ནུབ་བྱང་ནས་བསྐྱོད་ཅིང༌། མཚོ་ཆེན་སྐྱ་རེངས་སྔོ་རེངས་གཅིག་འཕྲོར་གཅིག་གིས་ཆགས། སྔོ་མཚོ་དང་བྱེའུ་་མཚོ་གཉིས་ཕན་ཚུན་མིག་འཚོས་བྱས་ནས་ཡོད། རང་སྐྱོང་ཁུལ་ནི་སྐམ་སའི་དབུས་ཁུལ་དུ་ཞོ་ལྟར་ཆགས་ཡོད་ལ། ཕྱོགས་བཞི་མཚམས་བརྒྱད་ན་རི་ལུང་དང་ཆུ་ཕྲན་གྱིས་རྣམ་པར་བརྒྱན་ཡོད། ཁུལ་གྱི་ཤར་མཚམས་སུ་དགའ་བདེ་རྫོང་གཙང་ཞོལ་མ་ཡུལ་ཚོ་དང༌། གཅིག་སྒྲིལ་རྫོང་སྨིན་ཐང་ཡུལ་ཚོ། སོག་རུ་མ་ཡུལ་ཚོ། ཁང་གསར་ཡུལ་ཚོ་སོགས་ཀན་སུའུ་ཞིང་ཆེན་རྨ་ཆུ་རྫོང་དང་ཟི་ཁྲོན་ཞིང་ཆེན་རྔ་བ་རྫོང་གཉིས་དངའབྲེལ་ཡོད། ཤར་ལྷོ་ཕྱོགས་ཀྱི་མཚམས་དང་ལྷོ་ཕྱོགས་སུ་པད་མ་རྫོང་ལྡུམ་མདའ་ཡུལ་ཚོ་དང་གྲུབ་ཆེན་ཡུལ་ཚོ། གྱི་མཁར་ཡུལ་ཚོ། སྟག་མཁར་ཡུལ་ཚོ། དར་ལག་རྫོང་གི་དཔོན་སྐོར་སྨད་མ་དང་དཔོན་སྐོར་སྟོད་མ། གསང་རུ་མ་ཡུལ་ཚོ་སོགས་ཟི་ཁྲོན་ཞིང་ཆེན་འཛམ་ཐང་རྫོང་དང་གསེར་རྟ་རྫོང་གཉིས་དངསྦྲེལ་ཡོད། ལྷོ་ནུབ་ནས་ལྷོ་ཕྱོགས་ཁུལ་དུ་རྨ་སྟོད་རྫོང་ནག་ཆུ་ཡུལ་ཚོ། མཚོ་སྐྱ་རེངས་ཡུལ་ཚོ་དང་མཚོ་ནག་ཡུལ་ཚོ་སོགས་ནི་ཟི་ཁྲོན་གསེར་རྟ་རྫོང་དང་སེལ་ཤུལ་རྫོང༌། ཡུལ་ཤུལ་ཁུལ་གྱི་འབྲི་སྟོད་རྫོང་དང༌། ཆུ་དམར་ལེབ་རྫོང༌།་མཚོ་ནུབ་ཁུལ་གྱི་ཏུའུ་ལན་རྫོང་དང་འབྲེལ་ཡོད། ཤར་ཕྱོགས་དང་བྱང་ཤར་ས་ཁུལ་དུ་རྨ་སྟོད་རྫོང་མཛོ་རྒན་རྭ་བ་དང༌། རྨ་ཆེན་རྫོང་རྟ་བོ་ཞོལ་མ་ཡུལ་ཚོ༌། གངས་རི་ཡུལ་ཚོ། སྡོམ་ཁོག་ཡུལ་ཚོ། རྒྱུད་མགོ་ཡུལ་ཚོ། རྭ་རྒྱ་ཡུལ་ཚོ་སོགས་ནི་མཚོ་ནུབ་ཁུལ་ཏུའུ་ལན་རྫོང་དང་མཚོ་ལྷོ་ཁུལ་ཞུན་ཧེ་རྫོང༌། ཐུན་ཏེ་རྫོང༌། རྨ་ལྷོ་ཁུལ་རྨ་ལྷོ་རྫོང་དང་འབྲེལ་ནས་ཡོད། ཁུལ་ཁོངས་ཀྱི་རྫོང་དྲུག་པོ་དེ་ཞིང་ཆེན་དང་ཁུལ། རྫོང་ཕྱི་ནང་ལ་འབྲེལ་ནས་ཡོད་ཅིང་མཐའ་སྐོར་རིང་ཚད་ནི་སྤྱི་ལེ་ཉིས་སྟོང་ཙམ་ཡོད། དེ་ལ་མཐའ་མི་མཉམ་པའི་གྲུ་བཞི་ནར་མོ་ཞེས་བརྗོད་བཞིན་ཡོད། ས་བབ་ཀྱི་རྒྱུ་རྐྱེན་གང་རུང་གི་དབང་གིས་ཕྱོགས་བཞིའི་ཁྱིམ་མཚེའི་ས་ཁུལ་བར་ལ་འབར་འབུར་གཤང་གཤོང་ཉུང་ཙམ་ཡང་སྔར་བཞིན་མཆིས་སོ།

"https://bo.wikipedia.org/w/index.php?title=རྨ་ཆེན&oldid=20597"ལས་སླར་རྙེད་སོང།