Jump to content

རྣམ་སྲས་གན་མཛོད་

ཡོང་ཁུངས་Wikipedia

དེ་སྔ་བོད་ས་གནས་སྲིད་གཞུང་སྐབས་ཕོ་བྲུང་པོ་ཏ་ལར་ཡོད་པའི་རིན་ཆེན་བང་མཛོད་ཅིག་སྟེ། དེ་སྔ་ཏ་ལའི་བླ་མ་ སྐུ་ཕྲེང་རིམ་པའི་སྐབས་ལོ་ལྟར་གསེར་དངུལ་གོས་དར་ཇ་བཅས་བཀར་འཇུག་ཞུ་དགོས་པའི་མཛོད་ཁང་དེའི་འདོན་ འཇུག་གཙོ་བོའི་འགན་འཁུར་སྤྱི་ཁྱབ་མཁན་པོ་དང་། བཀའ་ཤག་ཐུན་མོང་ནས་བྱས་ཏེ་ལོ་ལྟར་ཟླ་བཅུ་གཉིས་པའི་ ནང་སྔར་ལམ་བཀར་འཇུག་ཞུ་དགོས་གྲས། ;ཞོལ་གཉེར། བཤེར་དཔང་། སྣང་རྩེ་ཤག། གཉེར་ཚང་ལས་ཁུང་ས་ ཀྱིས་མཚོན་ལས་ཁུངས་ཁག་དང་། དཀོན་གཉེར་དཔོན་བཅས་ནས་ལོ་ལྟར་སྒྲིག་འབུལ་ཞུ་དགོས་ཁོངས་སྣང་ཆེའི་ གསེར་དངུལ་གོས་དར། མཐའ་དབུས་དད་འདུས་ཁག་ནས་སྐྱབསདགོན་རྩེ་ཤོད་གཉིས་ལ་སྔར་ལམ་གྱི་འབབ་སྒོ་ ཁག་ཕུད། དེ་འཕྲོས་གསེར་དངུལ་གོས་དར་གང་ཡོད་དང་། གཞུང་གནས་ནས་ལོ་ཆང་ཆགས་སུ་རྩེ་ཤོད་ཕྱག་ མཛོད་གཉིས་ཀྱི་འབབ་ཁོངས་ནས་སྣམ་རིགས། སྨན་རིགས། སྤོས་སོགས་མདོ་སྨ་ད་ཁུལ་དུ་མཁོ་བའི་དངོས་ རིགས་བསྐུར་ནས་གཞུང་དྲེལ་ལག་དོ་དང་དོས་རྟ་ལམ་ཡིག་བཅས་ཇ་དར་སོགས་མཁོ་སྒྲུབ་བྱེད་པོ་མདོ་སྒར་དཔོན་ ཞེས་རྩེ་ཕྱག་ནང་ཞིག་ཆེད་བསྐོས་ཀྱིས་གཏོང་ལམ་བཞིན་རྩེ་ཇ་དང་། དར་གོས་རྒྱ་དངུལ་སོགས་མདོ་ཟོག་འབྱོར་ རིགས་ནས་ཐུགས་མཁོ་ཕུད། དེ་བྱིངས་ཇ་དར། རྒྱ་དངུལ། གཞན་ཡང་མཁན་ཁོངས་གཞུང་ཁང་ཁག་གི་ཁང་གླ་ དངུལ་ཊམ་དཀར་དང་། རབ་བྱུང་བཅོ་ལྔ་པའི་ཤིང་སྟག་༡༩༡༤ལོ་ཡ་མོན་འཕྲུལ་བཟོ་ཁང་། གྲོ་སྟོད་ནོར་བུ་མཚོ་ སྐྱིད་ཟངས་ཊམ། རྗེས་སུ་ལོར་ཁང་བཅས་ནས་ཊམ་དཀར་དང་། པད་ཤག། ཤོག་ལོར་བཅས་པར་འགྲེམས་གནང་ བའི་མ་འཇོག་གམ། བར་ཁེ་ལྟ་བུར་ལོ་ལྟར་གསེར་དངུལ། ཊམ་དཀར་ཕོན་ཆེ། ས་རྟ་༡༩༡༨ལོར་ནོར་ཐོད་གསེར་ ཊམ་པར་རྒྱག་གི་གསེར་ཊམ་རེར་པད་ལོར་སྲང་ཉི་ཤུ་རེ་རྩིས་ཁྲོམ་ར་གང་སར་སྤྲོད་ལེན་བྱེད་པའི་ཛ་ཐང་བར་ཁྱད་གཞུང་ཁེ་ལྟ་བུར་ལོ་ལྟར་རྒྱ་དངུལ་ས་ཕག་དང་། རྟ་རྨིག་མ། གསེར་ཊམ་དོ་པོ། སོ་ནམ་ལས་ཁུངས་ཀྱི་གཞུང་ཁང་། མི་རྩ་ཕོ་མོའི་མི་བོགས། ཇ་ཚ་ལས་ཁུངས་ནས་དོ་དམ་བྱེད་པ་རྒྱ་ཁྱབ་ཚྭ་བལ། རྔ་མ། པགས་རིགས་སོགས་ ཀྱི་ཤོ་ཁྲལ་སྔར་ལམ་ཊམ་དཀར་ཞེ་གཅིག་བསྡུས་ལེན་བྱས་འབབ། ནག་ཆུ། ལྷ་རི་འགོ། གྲོ་མོ། ཕག་རི་ བཅས་ས་འགག་ཁག་ནས་ཇ་ཁྲལ་སྒམ་ཇ་དང་། འཁོར་དྲུག། ཇརིལ་བཅས་དོ་གྲངས་ཅིག་སྟོང་བརྒལ་བ་སོགས་ ལོ་ལྟར་རྩེ་རྣམ་གན་མཛོད་ཁང་སྟེང་ཤོད་དུ་བཀའ་ཤག་དང་། སྤྱི་མཁན་དང་། དྲུང་རྩིས། རྩེ་ཤོད་སྐུ་ཚབ་བཅས་ཐུན་མོང་ནས་བཅུ་ཕྲ་དང་སྦྲགས་བསྡུ་འཇུག་བཞུ་དགོས་ཀྱི་ཡོད་པ་རེད།།