རྣམ་རྫུན་པ་
མཐོང་རིས་
སྔོ་འཛིན་མིག་ཤེས་ལ་སྔོན་པོ་སྔོན་པོར་བའི་ཆ་དེ་ལ་འཁྲུལ་ཞིང་། སྔོན་པོ་སྔོན་པོར་སྣང་བ་དཞིན་མ་གྲུབ་པས།བརྫུན་ པར་འདོད་པས་ན་རྣམ་རྫུན་པར་གྲགས། ཡང་ན་དེ་གཉིས་ཀྱི་ཁྱད་པར་དབང་ཤེས་ལ་རགས་པར་སྣང་བ་ལྟར་གྲུབ་ པར་འདོད་པ་དང་མི་འདོད་པས་སྒོ་ནས་འཇོག་ན།རྡུལ་ཕྲན་སགས་པའི་རགས་པ་སྣང་ཚུལ་འདི་ལ་མ་འཁྲུལ་བ་མཁས་བླངས་བ་དང་། འཁྲུལ་པར་ཁས་བླངས་པའི་གནད་ཀྱི་ཡིན། རྣམ་ལྡན་པའི་རྡུལ་ཕྲན་བསགས་པའི་རགས་པ་སྣང་ བ་ལྟར་དོན་ལ་གནས་པར་མཁས་བླངས་པ་ཡིན། རྣམ་རྫུན་པས་རྡུལ་་ཕྲན་བསགས་པའི་རགས་རགས་པ་སྣང་ཚུལ་ ལའང་འཁྲུལ་པས་སྣང་བ་ལྟར་དོན་ལ་མི་གནས་པར་ཁས་བླངས་པ་ཡིན། འདི་ཧ་ཅང་རྟོགས་དཀའ་བའི་གནས་ཞིག་ ཡིན། འདིར་རགས་རིག་ཙམ་ལས་ཞིབ་ཕྲ་《དྲང་ངེད་རྣམ་འབྱེད་》སོགས་ལ་གཟིགས།།