Jump to content

རྣམ་རྫུན་དྲི་མ་མེད་པ་

ཡོང་ཁུངས་Wikipedia

དྲི་མ་གློ་བུར་བ་མེད་པས་རྣམ་ཤེས་རྣམས་ལ་དོན་དམ་པར་ཕྱིའི་རྣམ་པའི་གོས་པ་མེད་པར་རྣམ་ཤེས་རྣ་ཤེས་དེ་དག་གི་ངོ་བོ་ཤེལ་དག་པ་ལྟ་བུ་གཉིས་སྣང་གི་དྲི་མས་ཅུང་ཟད་ཀྱང་མ་བསླད་པར་འདོད་པས་ན་རྣམ་དྲི་མ་མེད་པ་དང་། ཡང་ན། སྔོ་སེར་དུ་སྣང་བ་དེ་ཤེས་པའི་ངོ་བོར་བདེན་ན་སངས་རྒྱས་ལ་ཡང་སྣང་བར་འགྱུར་བ་ལས་མི་སྣང་བའི་ཕྱིར། དེས་ན་ཤེས་པ་དོན་ལ་འབྲེལ་བ་མེད་བཞིན་དུ་སྣང་བའོ་ཞེས་སངས་རྒཡས་ཀྱི་ས་ན་གཉིས་སྣང་མེད་པར་འདོད་པས་ན་རྣམ་རྫུན་དྲི་མ་མེད་པ་ཞེས་ཟེར། སངས་རྒྱས་ཀྱི་ས་ན་འཁྲུལ་བའི་སྣང་བ་མེད་པར་ཁས་ལེན་པ་དྲི་མེད་པ་དང་། འཁྲུལ་སྣང་ཡོད་པར་མཁས་བླངས་པ་དྲི་བཅས་པར་འཇོག་པ་ཡིན།།