རྣམ་རྟོག་ཆོས་སྐུར་གྲོལ་
མཐོང་རིས་
བཀའ་བརྒྱུད་པ་རྣམས་ཀྱི་གསུང་སྲོལ་ལ། ཏིང་ངེ་འཛིན་སྒོམ་པའི་སྐབས་རྣམ་རྟོག་བཟང་ངན་གང་སྐྱེས་ཀྱང་བཟོ་བཅོས་མ་བྱས་པར་རང་བབས་སུ་བཞག་པས་རྣམ་རྟོག་དེ་ཉིད་རྦ་རླབས་རྒྱ་མཚོ་ལ་ཐིམ་པ་བཞིན་སེམས་དེ་ཉིད་ལ་ཕར་ཐིམ་ནས་ཡལ་འགྲོ་ཞིང། དེ་ལ་བརྟེན་སེམས་གསལ་ཞིང་དྭངས་པ། སྟོང་སང་ནམ་མཁའ་ལྟ་བུའི་འོད་གསལ་ལྷན་ཅིག་སྐྱེས་པའི་ཆོས་སྐུའི་གོང་འཕང་ཐོབ་པར་འགྱུར་ཞེས་གསུངས་སོ།།