རྣམ་རྟོག
མཐོང་རིས་
༡ སེམས་ཀྱི་འཆར་སྒོ། ༢ དོགས་པ་དང༌། ཐེ་ཚོམ་གྱི་དོན་ཏེ། དཔེར་ན། རྣམ་རྟོག་ཚ་པོ། རྣམ་རྟོག་ཅན་ལ་འདྲེ་དགུ་འཁོར། དྲང་བདེན་གྱི་ལས་དོན་ལ་ཧུར་བརྩོན་ཆེ་བསྐྱེད་བྱས་ན་འགྲུབ་མིན་གྱི་རྣམ་རྟོག་མི་དགོས་ལྟ་བུ། མིང་གི་རྣམ་གྲངས་ལ་ཀུན་རྟོག་དང༌། རྟོག་པ། རྟོག་དཔྱོད། དྲན་པ། ཡང་དག་རྟོག་ཡིད་ཀྱི་ལས། ཡིད་གཞུངས། ཡིད་ལ་བྱེད་པ། སེམས་ཀྱི་ལོངས་སྤྱོད། བསམ་མནོ་བཅས་སོ།།