རྣམ་འདྲེན་བཞི་པ་
མཐོང་རིས་
སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལ། བསྐལ་པ་འདིའི་མིང་ལ་བསྐལ་པ་བཟང་པོ་ཟེར་བ་དང་། བསྐལ་པ་འདི་མགོ་ཚུགས་ནས་མ་སྟོངས་ཀྱི་བར་ལ་སངས་རྒྱས་སྟོང་ཕྲག་གཅིག་དང་ལྔ་འབྱུང་བའིནང་ནས་བཞི་པ་ཡིན་པས་ན་རྣམ་འདྲེན་བཞི་པ་ཟེར། འདི་དོན་དུ་སྟོན་པ་ཤཱཀྱ་ཐུབ་པའི་མཚན་གྱི་རྣམ་གྲངས་ཡིན།