རྣམ་བྱང་གཟུང་རྟོག་
མཐོང་རིས་
རང་གི་དམིགས་ཡུལ་དུ་གྱུར་པའི་རྣམ་བཡང་ཕྱོགས་ཀྱི་ཆོས་ལ་དམིགས་ནས་ལོངས་སྤྱོད་བྱར་བདེན་པར་འཛིན་ པའི་བདེན་འཛིན་ཀུན་བཏགས་ཏེ། སྦྱོར་ལམ་རྩེ་མོའི་གནས་སྐབས་སུ་དད་པ་དང་། བརྩོན་གྲུས་དང་། སྙིང་རྗེད་ལ་ སོགས་པའི་རྣམ་བྱང་ཕྱོགས་ཀྱི་ཆོས་རྣམས་ལོངས་སྤྱོད་བྱར་བདེན་པར་འཛིན་པའི་བདེན་འཛིན་ཀུན་བཏགས་མངོན་པར་གྱུར་པ་རྣམས་མགོ་གནོན་པར་བྱེད་དོ།།