རྣམ་བཅས།
མཐོང་རིས་
མདོ་སྡེ་པ་ཡན་ཆད་ཀྱིས་དབང་ཤེས་ཀྱིས་ཡུལ་འཇལ་ཚུལ་ནི་རྣམ་པ་དང་བཅས་པའི་སྒོ་ནས་འཇལ་བར་འདོད་ཅིང། རྣམ་བཅས་སུ་འདོད་ཚུལ་ལའང་གསུམ་སྟེ། ཤེས་པ་གཅིག་ལ་རྣམ་པ་དུ་མ་འཆར་བར་ཁས་ལེན་པ་སྣ་ཚོགས་གཉིས་མེད་པ་དང། ཤེས་པ་གཅིག་ལ་རྣམ་པ་ཡང་གཅིག་ཁོ་ན་འཆར་བར་ཁས་ལེན་པ་སྒོ་ང་ཕྱེད་ཚལ་པ་དང་རྣམ་པ་དུ་མ་ཤར་བ་ན་ཤེས་པ་ཡང་དུ་མར་ཁས་ལེན་པ། གཟུང་འཛིན་གྲངས་མཉམ་པ་གསུམ་མོ།།