རྣམ་པ་ཉི་ཤུས་བྱང་ཆུབ་པའི་འཁོར་ལོ་
མཐོང་རིས་
སྟོང་ཉིད་བཅོ་བརྒྱད་ཀྱི་ཐོག་ཏུ་རང་གི་ངོ་བོ་སྟོང་པ་ཉིད་དང། གཞན་གྱི་ངོ་བོ་སྟོང་པ་ཉིད་གཉིས་བསྣན་པས་སྟོང་པ་ཉི་ཤུའོ།། ཡང་ན། ལུགས་གཅིག་ལ། ཤེས་རབ་ཀྱི་ཡེ་ཤེས་ལྔ། ཐབས་ཀྱི་ཡེ་ཤེས་ལྔ། དེ་ཉིད་ལུས་དང་བསམ་པས་ཕྱེ་བ་ཡེ་ཤེས་ཀྱི་རྣམ་པ་ཉི་ཤུའོ།། རྩ་རླུང་གི་སྐབས་སུ་དུས་འཁོར་ལྟར་ན། གཙུག་ཏོར་ནམ་མཁའི་འཁོར་ལོ། དཔྲལ་པ་ཆུའི་འཁོར་ལོ། མགྲིན་པ་མེའི་འཁོར་ལོ། སྙིང་ཁར་རླུང་གི་འཁོར་ལོ། ལྟེ་བར་སའི་འཁོར་ལོ། གསང་གནས་སུ་ཡེ་ཤེས་ཀྱི་ཁམས་བདེ་སྟོང་གི་འཁོར་ལོ་དྲུག་གོ། རྐང་ལག་གི་ཚིགས་ཆེན་བཅུ་གཉིས་ལ། འཁོར་ལོ་བཅུ་གཉིས། སྨིན་མཚམས་དང་ལྟེ་འོག་གི་འཁོར་ལོ་གཉིས་བཅས་ཉི་ཤུ་ནི་རྣམ་པ་ཉི་ཤུས་བྱང་ཆུབ་པའི་འཁོར་ལོ་ཞེས་བཤད་དོ།