རྣམ་དབྱེ་བརྒྱད་པ་འབོད་སྒྲ་
མཐོང་རིས་
མིང་གི་ཐོག་མར་སྦྱར་བའི་ཀྱེ་ཞེས་པའི་སྒྲ་ལྟ་བུ་སྟེ། ཀྱེ་རྒྱལ་བོ་ཆེན་པོ། ཀྱེ་གྲོགས་པོ། ཀྱེ་གཙོ་བོ་ཆེན་པོ། ལྟ་བུ་དང་། སྲས་མོ་ཀྱེ་ལྟ་བུ་མིང་གི་མཐར་སྦྱར་བའང་ཡོད་ལ། ཀྭ་ཡེ་གྲོགས་པོ་ལྟ་བུ་དང་། ཕལ་སྐད་ཀྱི་ཝ་ཡེ་ལྟ་བུ་དང་། ཀྭའི་སྒྲ་དག་ཀྱང་། ཟུར་གྱིས་སྟོན་པ་དང་། བསྐུལ་བ་དང་། གླུ་ལེན་པ་དང་འཕྱ་བ་ལྟ་བུ་སྒེག་ཆོས་དང་དྲག་ཤུལ་ལ་སོགས་པ་དང་འབྲེལ་བའི་འབོད་པའི་སྒྲ་ཡིན་པར་གསུངས་སོ།