Jump to content

རྣམ་གཡེངས་

ཡོང་ཁུངས་Wikipedia

ཡུལ་གཅིག་ལ་སེམས་མི་གནས་པར་གང་བྱུང་ལ་གཡེངས་འགྲོ་བ་ཞིག་ལ་ཟེར། འདི་ལ་རྒོད་པ་དང་། འཕྲོ་བ་གཉིས་ ཡོད། རྒོད་པ་ནི། དུག་གསུམ་གྱི་ཡུལ་ལ་སེམས་གཡེངས་པ། འཕྲོ་བ་ནི། སྐབས་དེའི་དམིགས་པ་ལ་མི་སྡོད་པར་གཞན་ དག་ལ་སེམས་གཡེང་བ་སྟེ་འདི་རྒྱ་ཆེ་ཞིང་རྒོད་པ་རྒྱ་ཆུང་བ་ཡིན།།