རྣམ་གཡེང་དྲུག་
མཐོང་རིས་
སྒོ་ལྔའི་ཤེས་པ་ལྟ་བུ་ངོ་བོ་ཉིད་ཀྱི་གཡེང་བ། དེ་ཉིད་ལ་འཇུག་པ་ཕྱི་རོལ་དུ་གཡེང་བ། ཏིང་ངེ་འཛིན་གྱི་རོ་མྱོང་ཞིང་ བྱིང་རྒོད་ཀྱི་དབང་དུ་སོང་བ་ནང་གི་གཡེང་བ། ཆོས་བརྒྱད་ཀྱི་སྒོ་ནས་ཆོས་སྤྱོད་པ་མཚན་མའི་གཡེང་བ། ཤིན་སྦྱངས་ཀྱི་བདེ་བ་སྲེད་པ་གནས་ངན་ལེན་གྱི་གཡེང་བ་ཡུལ་གྱི་དམིགས་པ་གཅིག་མ་རྫོགས་པར་གཅིག་ལ་འཇུག་པ་ཡིད་ལ་བྱེད་པའི་གཡེང་བའོ།།