རྟོག་ཆེན་
རྟོག་ཆེན་ནི་བདག་གཞན་བརྗེ་བའི་སྒོམ་སྦྱོང་གི་སྐབས་སུ་རང་ཉིད་ཀྱིས་རང་ལ་ལྟ་རྟོག་དང་ཚར་གཅོད་བྱེད་མཁན་གྱི་དོན་དུ་འཇུག་གོ །
དཔེ་བརྗོད།
[རྩོམ་སྒྲིག]"རྟོག་ཆེན་ཞེས་པ་ཀུན་མཁྱེན་ཆེན་པོས་ཕྱིད་པ་གྲ་སར་ཁྱིའི་རྟོག་ཆེན་མེད་པ་བཞིན་གསུང་པས་ན།"[༡] ཞེས་གསུངས།
བདག་གཞན་བརྗེ་བའི་ཉམས་ལེན་དུ་བཀོལ་ཚུལ།
[རྩོམ་སྒྲིག]"དེ་ལྟར་བསམ་པ་སྦྱངས་ནས་སྦྱོར་བས་སེམས་ཅན་གཞན་གྱི་དོན་ལ་རྟོག་ཆེན་ཞེས་པ་བྱ་ར་བ་བྱས་ནས་རང་གིས་ཀྱང་སེམས་ཅན་ལ་གནོད་པ་བྱེད་མི་བྱེད་བརྟག་པ་བྱས་ནས་ནི།"[༢] ཞེས་གསུངས། འདིས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཞན་གྱི་དོན་ལ་རྟོག་ཆེན་བྱེད་པའི་ཚུལ་སྟོན། "གཞན་གྱི་རྟོག་ཆེན་ཏེ་བདག་ཅི་བྱེད་བརྟགས་ཤིང་ཚར་གཅོད་མཁན་བྱས་ནས་ནི།"[༣] ཞེས་དང་། "རང་ཉིད་ཀྱིས་ད་སྔོན་གཞན་གྱི་ཟས་གོས་རྒྱན་ལ་སོགས་པ་གང་མཐོང་བ་བདག་རང་ལ་སྦྱིན་པའི་རེ་བ་བཅས་ནས་ཐབས་སྣ་ཚོགས་ཀྱིས་དེ་སྦྱིན་ཐབས་བྱེད་པ་དཔེར་ན་མི་རྣམས་ཀྱིས་ཤ་ཟ་བ་ན་ཁྱི་རྣམས་ཀྱིས་སྦྱིན་པར་རེ་བས་ལྟ་བར་བྱེད་པ་ལྟར་ད་ཕྱིན་ཆད་རང་གིས་རང་ལ་གཞ༷ན་གྱི༷་མགོ་ན༷ས་རྟོག༷་ཆེ༷ན་བྱས༷་ན༷ས་ནི༷་"[༤]ཞེས་གསུངས།
ཉམས་ལེན་གྱི་ཚུལ།
[རྩོམ་སྒྲིག]རྟོག་ཆེན་གྱི་ཉམས་ལེན་བྱེད་ཚུལ་ནི། "བདག་གི་ལུས་ལ་འདོད་པའི་དངོས་པོ་ཅི་སྣང་བ་དེ་དང་དེ་ཉིད་ཕྲོགས་ཏེ་བདག་གིར་འཛིན་པ་བཏང་བ་བྱས་ནས། ཁྱོད་ཀྱིས་སེམས་ཅན་གཞན་ལ་ཕན་པར་སྤྱོད་ཅིག་"[༥]ཅེས་བྱང་སེམས་རང་ཉིད་ལ་གྲོས་འདེབས་པའི་ཚུལ་དུ་གསུངས། "སེམས་ཅན་གཞན་གྱི་རྟོག་མཁན་ཞེས་པ་ལ་སོགས་པ་གསུངས་ཏེ། རབ་ཏུ་སྦས་ནས་དེའི་དགོས་པར་བྱེད་པ་ཡིན་ནོ། །"[༦]ཞེས་གསུངས་པ་ལྟར། རྟོག་ཆེན་ནི་གཞན་གྱི་དོན་ལ་གསང་བའི་ཚུལ་དུ་ཕན་པ་བསྒྲུབ་པའི་ཐབས་ཤིག་ཀྱང་ཡིན།
བསྡུས་དོན།
[རྩོམ་སྒྲིག]རྟོག་ཆེན་ནི་བྱང་ཆུབ་སེམས་དཔའི་བདག་གཞན་བརྗེ་བའི་ཉམས་ལེན་གྱི་གནད་ཀྱི་ཐ་སྙད་ཅིག་ཡིན། འདི་ནི་རང་གི་དོན་ལྟར་གཞན་གྱི་དོན་ལ་རྟག་ཏུ་དོ་སྣང་དང་བརྟག་དཔྱད་བྱེད་པའི་བསམ་པ་དང་སྦྱོར་བ་གཉིས་ཀ་ལ་གོ་དགོས། སྤྱོད་འཇུག་གི་གཞུང་དང་དེའི་འགྲེལ་པ་ཁག་ཏུ་གསལ་བ་ལྟར། རྟོག་ཆེན་གྱི་ཉམས་ལེན་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་བསྒྲུབ་པའི་ཐབས་གལ་ཆེན་ཞིག་ཡིན་ནོ། །
ལུང་ཁུངས།
[རྩོམ་སྒྲིག]- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས་༥༠༡
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས་༢༣༡-༢༣༢
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས་ ༡༧༡
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས་ ༥༠༡-༥༠༢
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས་༢༣༢
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོགསངོས་༢༧༧