རྟ་རྣ་དགོན།
མཐོང་རིས་
བོད་གངས་ཅན་པའི་རྒྱལ་ཁམས་མདོ་སྟོད་མི་ཡི་ཆོལ་ཁའི་ནང་ཚན་ཁམས་ནང་ཆེན་ལྷོ་ནུབ་སུ་ཆགས་ཤིང་། འགྲོ་མགོན་ཕག་མོ་གྲུབ་པའི་དངོས་སློབ་ཡེལ་པ་ཡེ་ཤེས་རྩེགས་པས་ཕྱག་གཏབས་པའི་དགོན་སྡེ། བྲག་རི་དཀར་པོ་རྟ་ཡི་རྣ་བ་འདྲ་བའི་འདབས་རོལ་དུ་ཡོད་པས་རྟ་རྣ་དགོན་ཞེས་གྲགས་པ་དང་། གཞན་ཡང་གླིང་གི་དཔའ་རྟུལ་སུམ་བཅུའི་གདུང་འབུམ་གནས་དེར་བཞེངས་ཡོད་པས་གླིང་གར་སར་རྒྱལ་པོའི་དགོན་པ་ཞེས་ཀྱང་གྲགས།