རྗོད་བྱེད་ཀྱི་སྒྲ་
མཐོང་རིས་
རྗོད་བྱེད་ཀྱི་སྒྲ།
[རྩོམ་སྒྲིག]བརྡའི་དབང་གིས་རང་ཡུལ་གོ་བྱེད་ཀྱི་གཉན་བྱ་དེ་རྗོད་བྱེད་ཀྱི་སྒྲའི་མཚན་ཉིད། དཔེར་ན། བུམ་པ་ཞེས་བརྗོད་པའི་སྒྲ་ལྟ་བུའོ། རང་ཡུལ་བརྡའི་དབང་གིས་གོ་བར་བྱེད་པའི་གཉན་བྱ་དེ། བརྗོད་བྱེད་ཀྱི་སྒྲའི་མཚན་ཉིད། བརྗོད་ཚུལ་གྱི་སྒོ་ནས་དབྱེ་ན། མི་ལྡན་རྣམ་གཅོད་ཀྱི་སྒྲ་དང་། གཞན་ལྡན་རྣམ་གཅོད་སྒྲ། མི་སྲིད་རྣམ་བཅོད་ཀྱི་སྒྲ་གསུམ། བརྗོད་འདོད་ཀྱི་སྒོ་ནས་དབྱེ་ན། ཆོས་ཅན་བརྗོད་པའི་སྒྲ་དང་ཆོས་བརྗོད་པའི་སྒྲ་གཉིས་ཡོད། དེ་ལ་ངོ་བོའི་སྒོ་ནས་དབྱེ་ན། མིང། ཚིག ཡི་གེ་བཅས་གསུམ་དང་། བརྗོད་བྱའི་སྒོ་ནས་དབྱེ་ན། རིགས་བརྗོད་ཀྱི་སྒྲ་དང་ཚོགས་བརྗོད་ཀྱི་སྒྲ་གཉིས།