Jump to content

རྗེས་དཔག་ཚད་མ་

ཡོང་ཁུངས་Wikipedia

རྗེས་དཔག་ཚད་མ།

[རྩོམ་སྒྲིག]

རང་གི་རྟེན་རྟགས་ཡང་དག་བཀོད་པ་ལ་བརྟེན་ནས་སྐྱེས་ཤིང་རང་གི་གཞལ་བྱ་ལྐོག་གྱུར་ལ་གསར་དུ་མི་བསླུ་བའི་ཞེན་རིག་དེ་རྗེས་དཔག་གི་མཚན་ཉིད། དེ་ཡང་རྟགས་མཐོང་ཞིང་འབྲེལ་པ་དྲན་པའི་རྗེས་སུ་བསྒྲུབ་བྱ་དཔོག་པས་ན་རྗེས་དཔག་ཅེས་ཟེར། དེ་ལ་དབྱེ་ན། དངོས་སྟོབས་རྗེས་དཔག་དང་། གྲགས་པའི་རྗེས་དཔག། དཔེ་ཉེར་འཇལ་གྱི་རྗེས་དཔག། ཡིད་ཆེས་རྗེས་དཔག་དང་བཞི་ཡོད། གྲགས་པའི་རྗེས་དཔག་དཔེ་དང་ཉེར་འཇལ་གྱི་རྗེས་དཔག་གཉིས་དངོས་སྟོབས་རྗེས་དཔག་ནང་དུ་འདུའོ།