Jump to content

རྗེའི་མགུར་ལྷ་

ཡོང་ཁུངས་Wikipedia

རྗེའི་མགུར་ལྷ།

[རྩོམ་སྒྲིག]

བོད་ཀྱི་བཙན་པོ་རྣམས་ཀྱིས་མགུར་ཞེས་པའི་སྐབས་མཚན་སྨོས་ནས་བསྟོད་བསྔགས་མཛད་པའི་ལྷ་ཆེན་བཅུ་གསུམ་ཡོད་པ་དེ་ལ་ཟེར། དེ་ནི། ༡.གཉན་ཆེན་ཐང་ལྷ། ༢.ཡར་ལྷ་ཤམ་པོ། ༣.གཙང་ལྷ་བྱོལ་ཡུག། ༤.སྲོག་ལྷ་གངས་དཀར། ༥.སྒྱོག་ཆེན་སྡོང་ར། ༦.དོག་ལྷ་བྱང་རྩེ། ༧.ཅོག་ལྷ་མཚལ་རྩེ། ༨.གངས་དཀར་གཡུ་རྩེ། ༩.གསུམ་རི་གཉན་པོ། ༡༠.འཛུམ་ཆེན་སྡོང་ཁྲམ། ༡༡.དབྱིས་ཆེན་རབ་ངེར། ༡༢.འབྲི་ཆེན་སྡོར་ངུ། ༡༣.འོ་དེ་དགུང་རྒྱལ་བཅས་ཡིན་ཞེས་རྫོགས་ཆེན་མཁས་པའི་དབང་པོ་པདྨ་རིག་འཛིན་གྱིས་མཛད་པའི《ཆོས་ཀྱི་རྣམ་གྲངས་རྒྱ་མཚོའི་གཏེར》ལས་གསུངས་ཡང་འདྲེན་ཚུལ་གཞན་ཞིག་སྟེ། སྲིད་པ་ཆགས་པའི་ལྷ་དགུའི་སྟེང་དུ། ཇོ་བོ་མཆིམས་ལྷ། སྲིད་པ་ཆགས་པའི་ལྷ་དགུའི་སྟེང་དུ་ཇོ་བོ་མཆིམས་ལྷ། ཇོ་བོ་ངོས་གསུམ། ཇོ་བོ་གཡའ་སྤང་། ཇོ་བོ་ཁུག་ལྟ་བཅས་བཞི་བསྣན་ཐོག་དེ་རྣམས་སྲོང་བཙན་སྒམ་པོ་དང་ཁྲི་སྲོང་ལྡེ་བཙན་སོགས་ཀྱིས་བསྟེན་པའི་སྲུང་མ་ཡིན་པས་ན་རྗེ་ཡིས་མགུར་ལྷ་བཅུ་གསུམ་ཟེར་རོ།