Jump to content

རྗེ་བཙུན་གྲགས་པ་རྒྱལ་མཚན་

ཡོང་ཁུངས་Wikipedia

རྗེ་བཙུན་གྲགས་པ་རྒྱལ་མཚན།

[རྩོམ་སྒྲིག]

རབ་བྱུང་གསུམ་པའི་མེ་ཡོས(༡༦༣༤)ལོར་འཁྲུངས། རྗེ་བཙུན་བསོད་ནམས་རྩེ་མོའི་གཅུང་པོ་ཡིན། ཡབ་ས་ཆེན་ཀུན་དགའ་སྙིང་་པོ་དགུང་ལོ་ང་དྲུག་བཞེས་པའི་སྲས་སུ་འཁྲུངས། དགུང་ལོ་བརྒྱད་ནས་བཅུ་གཉིས་བར་དུ་ཡབ་ཀྱི་དྲུང་དུ་གསན་སྐྱོང་གནང་། དགུང་ལོ་བཅུ་གཉིས་པ་ལ་ཡབ་གཤེགས་ནས་བཅུ་གསུམ་པ་ལ་གཅེན་སློབ་དཔོན་བསོད་ནམས་རྩེ་མོས་གདན་སར་བསྐོས། དེ་ནས་དགུང་ལོ་བདུན་ཅུ་ཐམ་པ་བར་ལོ་ངོ་ལྔ་ཅུ་ཐམ་པ་བར་ལོ་ངོ་ལྔ་བཅུ་ང་བདུན་རིང་གདན་ས་མཛད། དབུ་རྩེ་སྙིང་མའི་གཙུག་ལག་ཁང་དང་། གསེར་བྲིས་ཀྱི་བཀའ་འགྱུར་བཞེངས། གཞན་གྱིས་ཕུལ་བའི་དངོས་པོ་གང་བྱུང་ཡང་རྟེན་བཞེངས་དང་མཆོད་འབུལ། དབུལ་ཕོངས་ལ་སྦྱིན་གཏོང་སོགས་ཆོས་ཕྱོགས་ཀྱི་བྱ་བ་ཁོ་ནར་གཏོང་བར་མཛད་པས་སྐུ་གཤེགས་སྐབས་གདན་དང་ན་བཟའ་ཆ་ཚང་གཅིངག་མ་གཏོགས་དངོས་པོ་གང་ཡང་མ་ལུས་པར་མཛད། དགུ་ལོ་བདུན་ཅུ་པ་རབ་ཅུང་བཞི་པའི་མེ་བྱི(༡༢༡༦)ལོར་སྐུ་བཤེགས། གསུང་རྩོམ་རྣམས་ཕྱོགས་བསྒྲིགས་བྱས་པའི་པོད་བཞི་སྡེ་དགེ་དཔར་ཁང་དུ་དཔར་ཡོད། རྣམ་ཐར་ལོ་རྒྱུས་རྒྱས་པ་བདག་ཆེན་ཨ་མེས་ཞབས་ཀྱིས་མཛད་པའི《ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད》ཀྱི་ཤོག་གྲངས་༣༧ནས་༤༦བར་གསལ།