Jump to content

རྔོག་ལོའི་བཤད་རྒྱུད་

ཡོང་ཁུངས་Wikipedia

རྔོག་ལོའི་བཤད་རྒྱུད།

[རྩོམ་སྒྲིག]

རྔོག་ལོ་ཙྰ་བ་ཆེན་པོ་བློ་ལྡན་ཤེས་རབ་ནས་བརྒྱུད་པའི་ཕར་ཕྱིན་དང་། བྱམས་ཆོས། དབུ་མ། ཚད་མ། མངོན་པ་བཅས་ཀྱི་བཤད་པའི་རྒྱུན་ལ་ཟེར་ཞིང་། བཤད་རྒྱུད་དེར་འདུལ་བ་མ་གཏོགས་གཞུང་བཀའ་པོད་བཞིའི་བཤད་རྒྱུན་ཆ་ཚང་བ་ཡོད། འདིའི་སྐོར་གྱི་ལོ་རྒྱུས་ཅུང་ཟད་རྒྱས་པ་ལས་ཆེན་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་《བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ》དང《དེབ་ཐེར་སྔོན་པོ》ལེ་ཚན[ཆ]པ་རྔོག་ལོ་པ་ཚབ་བརྒྱུད་པ་དང་བཅས་པ་དང་། དབུ་ཚད་བྱམས་ཆོས་སོགས་ཇི་ལྟར་བྱུང་བའི་སྐབས་གཉིས་སུ་གསལ། ༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།