རྔོག་པའི་ཆོས་སྐོར་
མཐོང་རིས་
རྔོག་པའི་ཆོས་སྐོར།
[རྩོམ་སྒྲིག]མར་པ་ལོ་ཙྰ་བའི་སློབ་མ་རྔོག་ཆོས་སྐུ་རྡོ་རྗེ་ལ་གསང་སྔགས་ཀྱི་རྒྱུད་མི་འདྲ་བ་བདུན་གྱི་ཆོས་སྐོར་མན་ངག་དང་བཅས་པ་ཆ་ཚང་ཡོད་ཅིང་། དེའི་ནང་གསེས་མར་པ་ལོ་ཙྰ་བ་རང་ལ་གསན་པ་དྲུག་སྟེ། ༡.ཀྱེེ་རྡོ་རྗེ་ལྷ་དགུ། ༢.བདག་མེད་ལྷ་མོ་བཅོ་ལྔ། ༣.རྡོ་རྗེ་གདན་བཞི་ལྷ་མང་། ༤..ཡེ་ཤེས་དབང་ཕྱུག་མ། ༥.མ་ཧྰ་མྰ་ཡ་ལྷ་ལྔ། ༦.གུར་རིགས་བསྡུས་བཅས་དང་། ༧.ཁམས་པ་ཤེས་རབ་རྡོ་རྗེ་ལ་གསན་པ་འཇམ་དཔལ་གསང་ལྡན་བཅས་བདུན་ལ་ཟེར།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།