Jump to content

རྔོག་ཆོས་སྐུ་རྡོ་རྗེ་

ཡོང་ཁུངས་Wikipedia

རྔོག་ཆོས་སྐུ་རྡོ་རྗེ།

[རྩོམ་སྒྲིག]

མར་པའི་སློབ་མ་ཀྖེན་བཞིའི་ཡ་གྱལ་ལྷོའི་ཀ་བ།(འདིའི་འཁྲུངས་ལོ་དང་གཤེགས་ལོ་ལ་བཤད་ཚུལ་མི་འདྲ་བ་གསུམ་ཙམ་འདུག 《དེབ་སྔོན》ལྟར་ན)འདི་ཉིད་ཡབ་རྔོག་བན་ཆེན་ཁ་པ་དང་ཡུམ་འོད་ལྡན་མའི་སྲས་སུ་རབ་བྱུང་དང་པོའི་མེ་བྱི་(༡༠༣༦)ལོར་གཞུང་རི་བོར་ སྐུ་འཁྲུངས། གཞོན་ནུའི་དུས་ཡབ་ཆོས་སོགས་ལ་ཐོས་བསམ་མཛད་པས་མཁས་པར་གྱུར། པ་བཟའ་ཆོས་འཚོ་ཁབ་ཏུ་བཞེས། དགེ་བཤེས་དགྱེར་ཆུང་པས་གསོལ་བ་བཞིན་མར་པའི་དྲུང་དུ་བྱོན། སྔ་རྗེས་སུ་ཕྱག་རྟེན་གཏོས་ཆེ་བ་ཕུལ་ནས་དགྱེས་རྡོར་དང་། གདན་བཞི། མ་ཧྰ་མྰ་ཡྰ་རྣམས་ཀྱི་རྒྱུད་མན་ངག་དང་གདམས་ངག་དཔག་མེད་གསན། འདི་ཉིད་གཞུང་བཤད་ཆུ་བོའི་རྒྱུན་ལྟ་བུའི་བཀའ་བབས་ཡིན། རི་བོ་ཁྱུང་ལྡིང་གི་ལྷ་ཁང་བཏབ། མཐར་དགུང་ལོ་དྲུག་ཅུ་རེ་བདུན་པ་རབ་བྱུང་གཉིས་པའི་ཆུ་རྟ(༡༡༠༢)ལོར་སྐུ་གཤེགས། ཁོང་གི་སློང་མ་བ་རམ་རྩ་ཅན་དང་། པ་ཝ་བ་ཅན། རྔོག་མུན་པ་ཅན་ སུམ་པ་ཕོད་ཀ་ཅན་ཏེ་ཅན་བཞི་སོགས་རིམ་པར་བྱུང་། ལོ་རྒྱུས་རྒྱས་པ་རི་བོ་ཆེ་དཔོན་ཚང་ཚེ་དབང་རྒྱལ་གྱིས་བརྩམས་པའི《ལྷོ་རོང་ཆོས་འབྱུང》ཤོག་གྲངས་༣༧ནས་ཤོག་གྲངས་ཁ་ཤས་ཡོད་པ་དང་། 《དེབ་ཐེར་སྔོན་པོ》ལེ་ཚན[ཉ]པའི་ཤོག་གྲངས༣པའི་ནང་། 《ཆོས་བྱུང་མཁས་པའི་དགའ་སྟོན》ལེ་ཚན་[ན]པའི་གྲངས༢༠ནས༢༡བར་བཅས་སུ་གསལ། ༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།