རྔ་ཤང་
མཐོང་རིས་
རྔ་ཤང།
[རྩོམ་སྒྲིག]རྔ་དང་ཤང་ལིང་། རྔ་ནི་རོལ་མོའི་བྱེ་བྲག་བཅོ་བརྒྱད་ཀྱི་ནང་དུ་བཤད་པ་ལྟར་རིགས་མི་འདྲ་བ་མང་དུ་ཡོད་ཅིང་། ཤང་ལིང་ནི། བར་ཁམས་ཁུལ་དུ་རས་པ་དང་། བྲོ་འཁྲབ་སྐབས་འཁྱེར་བའི་གློག་ཞུའི་ཁེབས་དང་འདྲ་བ་ཞིག་གི་དཀྱིལ་དུ་རྡུང་བྱེད་ཀྱི་ལྕེ་འཕྱང་འཕྲུལ་དུ་བསྒར་བ་དེ་ཡི་རྒྱབ་ཀྱི་ཡུ་བ་ནས་ལག་པ་གཡས་པས་བཟུང་སྟེ་འཁྲོལ་དགོས་པ་ཞིག།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།