Jump to content

རྒྱལ་བྱིན། བརྒྱ་བྱིན།

ཡོང་ཁུངས་Wikipedia

མཆོད་སྦྱིན་རྣམ་པ་བརྒྱ་བྱས་པས་ལྷའི་རྒྱལ་པོའི་གོ་འཕང་ཐོབ་པས་ན་བརྒྱ་བྱིན་ཞེས་བྱ།ལྷའི་སྲིད་ཐུབ་ཅིང་ལྷ་མ་ཡིན་ལས་རྒྱལ་བར་ནུས་པས་ན། རྒྱལ་བྱིན་ཞེས་ཀྱང་བྱ། ཁོང་གྱི་ལག་གི་རྡོ་རྗེའི་གཏམ་རྒྱུད་ནི། དེ་ཡང་སྔོན་དྲང་སྲོང་པྲ་ཏི་ཙི་ཞེས་བྱ་བའི་བུ་ཞོ་འཐུང་ཞེས་པ་ལོ་བྱེ་བ་ཕྲག་བདུན་གྱི་བར་དུ་དཀའ་ཐུབ་ལ་གནས་པའི་དྲང་སྲོང་ཞིག་ཡོད་པ་དེའི་རུས་པ་བླངས་ནས་མཚོན་ཆ་བྱེད་ན་ཕྱོགས་ཐམས་ཅད་ལས་རྣམ་པ་རྒྱལ་ལོ་ཞེས་ལྷ་རྣམས་ཀྱིས་ཐོས་པས། ལྷ་རྣམས་ཀྱིས་དྲང་སྲོང་ལ་གསོལ་བ་བཏབ་པས། དྲང་སྲོང་གིས་རང་ལུས་ཀྱི་ཤ་ལྷག་པ་བྱས་ཏེ། རུས་པ་ལྷ་རྣམས་ལ་བྱིན། ལྷ་རྣམས་ཀྱིས་དྲང་སྲོང་གི་རྩིབས་ལོགས་ཀྱི་རུས་པ་ལ་རྡོ་རྗེ་བྱས་ཏེ་རྒྱལ་བྱིན་གྱིས་ཁྱེར། བྱིན་པའི་རུས་པ་ལ་དབྱུག་པ་བྱས་ཏེ་དབང་ཕྱུག་གིས་ཁྱེར་བར་རིག་བྱེད་ཀྱི་གཏམ་རྒྱུད་ལ་གྲག་གོ {{རྣམ་གྲངས་ལ་ཀོའུ་ཤི་ཀ། སྐབས་གསུམ་དབང༌། གྲོང་འཇོམས། མཆོད་སྦྱིན་བརྒྱ་པ། སྤྲིན་ལ་ཞོན། མིག་སྟོང་ཅན། ལྷ་དབང༌། ལྷ་ཡི་རྒྱལ་པོ། ལྷ་ཡི་བདག་བཅས་སོ། །}}