རྒྱལ་བའི་དམ་ཆོས་

ཡོང་ཁུངས་Wikipedia

རྒྱལ་བའི་དམ་ཆོས་ནི་སྟོན་པའི་དམ་ཆོས་ཏེ་གང་ལ་དམིགས་ན་ལུས་ཅན་རྣམས་ཀྱི་སྒྲིབ་པ་ཟད་པའི་ཐབས་སུ་གྱུར་པ་སྟེ། ལུང་དང་རྟོགས་པའི་བདག་ཉིད་ཅན་གྱི་ཆོས་སོ། ། ཇི་སྐད་དུ། སྡུག་བསྔལ་དག་ནི་ཐམས་ཅད་དང་། ། སྒྲིབ་ཀུན་སེལ་བྱེད་དམ་པའི་ཆོས། ། ཞེས་དང་། མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། ། ལུང་དང་རྟོགས་པའི་བདག་ཉིད་དོ། ། ཞེས་གསུངས་པའི་ཕྱིར་རོ། །

སྟོན་པའི་དམ་ཆོས་ཏེ་གང་ལ་དམིགས་ན་ལུས་ཅན་རྣམས་ཀྱི་སྒྲིབ་པ་ཟད་པའི་ཐབས་སུ་གྱུར་པ་སྟེ། ལུང་དང་རྟོགས་པའི་བདག་ཉིད་ཅན་གྱི་ཆོས་སོ། ། ཇི་སྐད་དུ། སྡུག་བསྔལ་དག་ནི་ཐམས་ཅད་དང་། ། སྒྲིབ་ཀུན་སེལ་བྱེད་དམ་པའི་ཆོས། ། ཞེས་དང་། མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། ། ལུང་དང་རྟོགས་པའི་བདག་ཉིད་དོ། ། ཞེས་གསུངས་པའི་ཕྱིར་རོ། ། སྒྲ་དོན་ནི། རྗེ་བུ་སྟོན་རིན་པོ་ཆེའི་ཞལ་ནས། དམ་པ་རྫོགས་པའི་སངས་རྒྱས་ཡིན་ལ། དེས་བསྟན་པའི་ཆོས་ཡིན་པས་ན་དམ་པའི་ཆོས་ཞེས་སམ། དམ་པ་ནི་མཆོག་ཏུ་གྱུར་པ་ཡིན་ལ་ཆོས་ཡིན་པས་ན་དམ་པའི་ཆོས་ཞེས་སམ། དམ་པ་ནི་མཆོག་ཏུ་གྱུར་པ་ཡིན་ལ་ཆོས་ཀྱང་ཡིན་པས་དམ་པའི་ཆོས་ཏེ་གཞི་མཐུན་པའོ། ། ཡང་ན་སྐྱེས་བུ་དམ་པས་སྤྱད་པར་བྱ་བས་དམ་པའི་ཆོས་ཏེ་གཞི་མཐུན་པའོ། ། ཡང་ན་སྐྱེས་བུ་དམ་པས་སྤྱད་པར་བྱ་བས་དམ་པའི་ཆོས་ཏེ་དགེ་སློང་གི་ཆོས་བཞི་བཞིན་ནོ་ཞེས་གསུངས་སོ། །