Jump to content

རྒྱལ་པོ་དགེ་བའི་དབང་པོ།

ཡོང་ཁུངས་Wikipedia

རྒྱལ་པོ་དགེ་བའི་དབང་པོ་ནི་ཤཱཀྱའི་རིགས་ཀྱི་རྒྱལ་འི་བློན་པོ་ཆོས་ཀྱི་རྒྱལ་པོ་མེས་པོ་རྒྱ་མཚོ་ཞེས་པའི་རབ་གསལ་དུ་གྲགས་པ་ལུགས་ཀྱི་དཔལ་འབྱོར་ཕུན་སུམ་ཚོགས་པ་དེའི་སྲས་སུ་འཁྲུངས། ཁོང་ནི་རྒྱ་གར་གྱི་སྙན་ངག་པ་སྐད་གྲགས་ཅན་ཞིག་ཡིན་ཞིང་། (རྟོགས་བརྗོད་དཔག་བསམ་འཁྲི་ཤིང་)མཛད་པ་པོའང་ཡིན། ཁོང་གི་ལོ་རྒྱུས་ཞིབ་གསལ་ད་ཕན་འགོད་རྒྱུ་མ་རྙེད་མོད། འོད་ཀྱང་ཁོང་གིས་བསྟན་བཅོས་འདི་ཉིད་མཛད་པའི་རྐྱེན་ནི་བྲམ་ཟེ་དགའ་བའི་གྲགས་པ་ཞེས་པས་བསྐུལ་མ་མཛད། བར་དུ་གྲོགས་པོ་ཡོན་ཏན་ན་ཀ་ཞེས་པས་རྒྱལ་བའི་མཛད་པ་མཐའ་ཡས་ལས་བཏུས་ཤིང་། རབ་ཏུ་རྒྱས་པ་ལྷོ་ཕྱོགས་པའི་ལམ་གཅིག་པོ་ལ་དྲངས་པའི་ཚིགས་བཅད་སྙན་ངག་དང་སྦྱར་ཏེ་རྩོམ་པར་བསྐུལ་མ་ཞུས། དེ་ལ་ལེའུ་གསུམ་ཙམ་བརྩམས་པ་ཧ་ཅང་རྒྱས་དྲགས་པས་རེ་ཞིག་དོར། མཐར་མནལ་ལམ་གྱི་ཚུལ་དུ་བཅོམ་ལྡན་འདས་ཞལ་གཟིགས་ནས་རྩོམས་ཤིག་ཅེས་བཀས་བསྐུལ་བ་ལྷུར་བཞེས་ཏེ་ལེའུ་བརྒྱ་དང་རྩ་བདུན་མཛད་ལ། བཀྲ་ཤིས་གྲངས་ངེས་ཀྱི་ཕྱིར་ལེའུ་གཅིག་སྲས་ཟླ་བ་བཟང་པོ་ལ་རྩོམས་ཤིག་ཅེས་བསྐུལ་བ་ལ་བརྟེན་གྲུབ་མཛད་ཅེས་གྲགས།།