རྒྱལ་ཁང་རྩེ་སྤྲུལ་སྐུ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན།

ཡོང་ཁུངས་Wikipedia

༈ རྒྱལ་ཁང་རྩེ་སྤྲུལ་སྐུ་འདིའི་སྐུ་གོང་མ་སྐྱེ་འཕྲེང་བཅུ་བཞི་པ་མེར་གན་ཧུ་ཐོག་ཐུ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་མཆོག་ནི་ཁམས་རྭ་སྲིར་འཁྲུངས། རིམས་པའི་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་བུའི་གླིང་དུ་ཆོས་བཞུགས་གནང་། བསླབ་པ་སློབ་གཉེར་སོགས་མཐར་ཕྱིན་ནས་མར་ཁམས་ཕྱོགས་སུ་ཕེབས། དུས་གྱུར་སྐབས་ཕེབས་ལམ་དུ་སྐུ་གཤེགས་པ་སོགས་གང་གི་སློབ་མ་དང་ཞབས་གྲས་རྣམས་ཀྱི་ཐོས། སྐྱབས་རྗེ་མཁན་ཟུར་བླ་ཏི་རིན་པོ་ཆེ་མཆོག་དང་འཛིན་གྲྭ་གཅིག་པ་ཡིན་བཅས་བླ་ཏི་རིན་པོ་ཆེ་སྐུ་ངོ་མའི་གསུང་། ༼ ཡང་ལོ་རྒྱུས་གཞན་དུ། རྒྱལ་ཁམས་༼མིན་པར་་་རྒྱལ་ཁང་རྩེ་༽སྤྲུལ་སྐུ་ཞེས་པ་དགའ་ཁྲི་རབས་ཉེར་ལྔ་པ་ཆོས་རྗེ་དཔལ་འབྱོར་རྒྱ་མཚོ་དེ་མཁས་གྲུབ་དགེ་ལེགས་དཔལ་བཟང་པོའི་སྐྱེ་བརྒྱུད་དུ་གྲགས་ལ། མཁས་གྲུབ་རྗེའི་ཕྱག་སྦུག་དང་ཞལ་འདོན་བརྒྱད་སྟོང་གསེར་བྲིས་སོགས་སྐུ་ཕྲེང་རིམ་བྱོན་ངོས་བཟུང་མཛད་པའི་རྟེན་ཁྱད་པར་བ་ཡིན། རིག་པའི་གནས་ཀུན་ལ་གསན་བསམ་ཕྱོགས་མེད་མཛད་པའི་མཁས་པ་པཎྚི་ཏ་ཁོང་རྒྱལ་དབང་བཞི་པའི་ཡོངས་འཛིན་མཛད་མྱོང་བར་གྲགས། བོད་སྡེ་བ་གཞུང་གིས་ཁྲི་ཟུར་ཁོང་འཇམ་མགོན་ཆོས་རྒྱལ་ཙོང་ཁ་བ་ཡི་བསྟན་པ་དར་རྒྱས་ཡོང་ཆེད་ཆེད་དུ་འགན་དཀྲིས་ནས་སྣང་བཟང་དགོན་དུ་མངགས་པས། རྒྱལ་ཁམས་༼རྒྱལ་ཁང་རྩེ་༽སྤྲུལ་སྐུའམ་གཞུང་སྤྲུལ་ཞེས་མཚན་གསོལ། སྤྲུལ་སྐུ་ཁོང་གི་སྐུ་ཕྲེང་རིམ་བྱོན་དུ་བཤད་སྒྲུབ་སྤེལ་བའི་མཛད་རྣམ་མང་དག་ཡོད་ཀྱང་། བླ་ཡིག་སོགས་སྔོན་གྱི་ལོ་རྒྱུས་ཡིག་ཆ་ཀུན་མེད་པར་བཏང་ཟིན་པས་བླ་རབས་སོགས་ཞིབ་མོ་བགྲང་བར་དཀའ། ཀུན་ལ་གསལ་བའི་རྒྱལ་ཁམས་སྤྲུལ་སྐུ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་ནི། ཕྱི་ལོ་1927 དང་། རབ་བྱུང་བཅུ་དྲུག་པའི་མེ་ཡོས་ལོར་འབའ་ར་སྲིད་ཡུལ་སྡེར་སྐུ་བལྟམས། སྐུ་ན་ཆུང་དུ་ནས་དགའ་ལྡན་དུ་སློབ་གཉེར་ལ་ཕེབས། དགུང་ལོ་ཉི་ཤུ་སྐབས་ཆིབས་བསྒྱུར་གནང་ནས་སྣང་བཟང་དགོན་དུ། འཇིགས་བརྒྱད་དཔལ་བོ་རྒྱས་པ་གདུགས་དཀར་སོགས་དབང་ལུང་ཆོས་འཁོར་སྤེལ། གསེར་ཟངས་ལས་གྲུབ་པའི་རྗེ་རིན་པོ་ཆེ་སྐུ་ཚད་མ་དང་། ཞལ་ཐང་གསེར་བྲིས་སོགས་སྐུ་གསུང་ཐུགས་རྟེན་དུ་མ་བཞེངས་པ་བཅས།༽