Jump to content

རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད།

ཡོང་ཁུངས་Wikipedia

མིང་མཛོད་འདི་བྱུང་ཚུལ།

[རྩོམ་སྒྲིག]
File:རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད།.gif
རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད།

སྤྱིར་རང་ཅག་ལ་ལོ་ངོ་སྟོང་ལྷག་གི་སྔོན་ནས་ཀྱང་སྐད་གཉིས་ཤན་སྦྱར་གྱི་མིང་མཛོད་བྱུང་ཞིང་། ལྷག་པར་དུ་ཉེ་བའི་དུས་རབས་སུ་བྱུང་བའི་བོད་ཡིག་གི་མིང་མཛོད་རྣམས་ཀྱི་ནང་ནས་བཟང་གྲས་བོད་རྒྱ་ཚིག་མཛོད་ཆེན་མོ་དང་གཞན་ཡང་རྒྱ་བོད་ཤན་སྦྱར་གྱི་ཚིག་མཛོད་སོགས་སྣ་འཛོམས་དང་ཆེད་སྤྱད་ཀྱི་མིང་མཛོད་མང་པོ་ཞིག་མཆིས་པ་ནི་བོད་ཀྱི་སྐད་ཡིག་ཕུན་སུམ་ཚོགས་པར་འགྱུར་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན་པ་ལྟ་ཅི་སྨོས། འོན་ཀྱང་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པ་ཚུན་ཆད་ཀྱི་ལོ་སུམ་ཅུ་ཙམ་གྱི་རིང་དུ་བྱུང་བའི་ཐ་སྙད་གལ་ཆེན་གྱི་སྐོར་ཧ་ཅང་མང་པོ་ཞིག་དེ་དག་ཏུ་མ་བྱུང་བའི་དབང་གིས་རང་རེའི་སྐད་ཡིག་དང་དེང་རབས་ཀྱི་འཚོ་བ་གཉིས་བར་ཐག་ཇ་རིང་དུ་འགྲོ་བར་འདུག་པས་དེ་རྣམས་ཁ་མ་བསྐངས་ཐབས་མེད་དུ་མཐོང་ཞིང་། སྤྱི་ཕན་གྱི་ལྷག་བསམ་རྣམ་པར་དག་པས་ཀུན་ནས་བསླངས་ཏེ། རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད་ཅེས་པའམ་དེང་རབས་བོད་སྐད་ཤན་སྦྱར་མིང་མཛོད་ཅེས་པ་འདི་དང་དེའི་ཡན་ལག་ཏུ་རིས་འགྲེལ་མིང་མཛོད་དག་རྩོམ་སྒྲིག་བྱས་པ་ཡིན། དེ་ཡང་སྐབས་དང་པོ་སྤྱི་ལོ༢༠༠༥ལོའི་དབྱར་དུས་སུ་ཉེར་བསྡོགས་ཀྱི་བྱ་བ་རྣམས་བསྒྲུབས་ཤིང་། ཟླ༡༠པར་བོད་ཆོལ་ཁ་གསུམ་མམ་ཞིང་ལྗོངས་ལྔའི་མཁས་པ་ཆེད་ལས་པ་དག་གདན་ཞུ་བྱས་ཏེ་ཁྲིང་ཏུའུ་རུ་ཚོགས་འདུ་ཐེངས་དང་པོ་འཚོགས་ནས་ཐ་སྙད་བསྡུ་བའི་ཁྱབ་ཁོངས་དང་མིང་ཇི་ལྟར་གདགས་ཚུལ་གྱི་རྩ་དོན་རྣམས་གཏན་འབེབས་བྱས། སྐབས་གཉིས་པར་ཐ་སྙད་ཁྲི་ཚོ་གཅིག་ལྷག་གཏན་ལ་ཕབ་ཅིང་ཐ་སྙད་དེ་རྣམས་མདོ་དབུས་ཁམས་གསུམ་གྱི་ཡིག་སྒྱུར་ལས་ཁུངས་དང་མཁས་པ་སོ་སོའི་སྤྱན་ལམ་དུ་ཕུལ་ནས་དགོངས་འཆར་བསྡུ་ལེན་ཐེངས་དང་པོ་བྱས། སྐབས་གསུམ་པར་ཐ་སྙད་དེ་རྣམས་ཀྱི་རི་མོ་དང་འགྲེལ་བ་རྣམས་གྲུབ་པར་བགྱིས། དེའི་རིང་སྔ་ཕྱིར་ཁྲིང་ཏུའུ་རུ་མིང་མཛོད་རྩོམ་སྒྲིག་པ་ཐམས་ཅད་མཉམ་འཛོམས་ཀྱི་དཔྱད་བསྡུར་ཚོགས་འདུ་ཐེངས་བཅུ་གཉིས་འཚོགས་ནས་ཐ་སྙད་རེ་རེ་བཞིན་དུ་ལེགས་པར་བརྟགས་ཤིང་ཡང་ཡང་བསྡུར་ནས་ཅི་ནུས་ཀྱིས་དོན་དང་འབྱོར་ཞིང་བརྗོད་བདེ་བ་སོགས་སུ་བྱས། སྐབས་གསུམ་པའི་མཇུག་ཏུ་ལྷ་ས་དང་ཟི་ལིང་དང་ཁམས་དར་རྩེ་མདོ་བཅས་སུ་ཆེད་ལས་མཁས་པའི་བཞུགས་མོལ་ཚོགས་འདུ་འཚོགས་ནས་སླར་ཡང་དགོངས་འཆར་བསྡུ་ལེན་ཐེངས་གཉིས་པ་བྱས་ཏེ་བོད་སྤྱིའི་སྐད་དུ་གཏན་ལ་ཕབ་པ་ཡིན་ནོ། ། དེ་ལྟར་མིང་མཛོད་འདིའི་ནང་དུ་བཀོད་པའི་ཐ་སྙད་རྣམས་བརྗོད་བྱའི་ཆ་ནས་སྤྱིར་དེང་རབས་ཀྱི་བྱ་བ་དང་དངོས་པོ་གསར་བ་རྣམས་དང་དེ་ལས་ཀྱང་རྒྱུན་གྱི་འཚོ་བའི་ནང་དུ་རྟག་པར་བཀོལ་རྒྱུའི་སྐོར་རྣམས་ཡིན་ལ། རྗོད་བྱེད་ཀྱི་ཆ་ནས་མདོ་དབུས་ཁམས་གསུམ་མཐའ་དག་གིས་མི་ཤེས་པ་མེད་པའི་གཅིག་འགྱུར་གྱི་སྐད་དུ་བྱས་ཡོད་པས་བོད་མི་ཡོངས་རྫོགས་ལ་དོན་དངོས་ཀྱི་ཐོག་ནས་དགོས་གལ་ཆེ་བ་ཞིག་ཡིན་པར་སེམས་སོ། ། དེས་ན་མིང་མཛོད་འདིར་བཀོད་པའི་ཐ་སྙད་རྣམས་ལས་ཆེས་ལེགས་པའི་ཐ་སྙད་གཞན་པ་ཡོད་ན་དེར་ཟད། གལ་ཏེ་མེད་ཕྱིན་ཐ་སྙད་འདི་རྣམས་ཁ་ཞེ་གཉིས་ཀ་ལ་ལེགས་པར་བྱང་བ་དང་དེ་ཉིད་རྒྱུན་གཏམ་དང་རྩོམ་ཡིག་གི་ནང་དུ་ཡོངས་སུ་བཀོལ་སྤྱོད་བྱེད་པ་ནི་ཤིན་ཏུ་གལ་ཆེ་བས་བོད་མི་ཐམས་ཅད་ཀྱི་ཐུགས་ལ་འཇགས་པར་ཞུ་ཞུ།

རྩོམ་སྒྲིག་ཚོ་ཆུང་།

[རྩོམ་སྒྲིག]

གཙོ་སྒྲིག་པ།

[རྩོམ་སྒྲིག]

ཚུལ་ཁྲིམས་བློ་གྲོས།

རྩོམ་སྒྲིག་པ།

[རྩོམ་སྒྲིག]

སྐལ་བཟང་ཆོས་འཕེལ། སྐལ་བཟང་ཡེ་ཤེས། གུར་དགའ། འགྱུར་མེད། རྒྱ་ཡེ་བཀྲ་བྷོ། འཇིགས་མེད་འགྲོ་ཕན། འཇུ་སྐལ་བཟང་། ཉན་ཤུལ་འཇམ་དབྱངས་གྲགས་པ། ཉན་ཤུལ་ཐུབ་བསྟན་དགེ་ལེགས། ནོར་མོ། པད་མ་བདུད་འདུལ། དཔལ་ལྡན་ལེགས་བཤད། དཔལ་མཛོད། ཕུན་ཚོགས་དོན་གྲུབ། བྱམས་པ་རྡོ་རྗེ། བརྩོན་འགྲུས། ཚེ་རིང་དབང་ཕྱུག ཟླ་བ་བློ་གྲོས། ཡེ་ཤེས་རྡོ་རྗེ། རིག་འཛིན། སངས་རྒྱས། བསོད་དར་རྒྱས།

ལུས་ཞུགས་མི་སྣ།

[རྩོམ་སྒྲིག]

ཀུན་ལྡན་དབང་པོ། དཀོན་མཆོག་རྒྱ་མཚོ། དཀོན་མཆོག་བསྟན་འཛིན། བཀྲ་ལོ། བཀྲ་ཤིས། བཀྲ་ཤིས་དོན་གྲུབ། སྐལ་བཟང་འབྲུག་གྲགས། ཁ་སྒང་བཀྲ་ཤིས་ཚེ་རིང་། གར་དབང་། རྒྱ་མཚོ། རྒྱལ་མཚན་ཚེ་རིང་། སྒྲོལ་མ་མཚོ། འཇམ་དབྱངས་རྒྱ་མཚོ། གཉགས་ཆོས་ཉིད་རྡོ་རྗེ། རྟ་མགྲིན་རྡོ་རྗེ། བསྟན་པ་ཡར་རྒྱས། དུར་བུད་མཚོ་སྐྱེས་རྡོ་རྗེ། རྡོ་རྗེ་དོན་གྲུབ། རྡོ་རྗེ་དོན་གྲུབ། པད་མ་ཚུལ་ཁྲིམས། མུ་པོ། རྨོག་རུ་དོན་གྲུབ་ཚེ་རིང་། ཚངས་པོ། ཚེ་རིང་རྒྱ་མཚོ། ཡེ་ཤེས་དར་རྒྱས། ཡེ་ཤེས་དོན་གྲུབ། སངས་རྒྱས་དོན་གྲུབ། བསམ་འཕེལ།

ཡོངས་ཤར། སྐལ་བཟང་རྒྱ་མཚོ། སྣང་མཛད་རྡོ་རྗེ། རྡོ་རྗེ་སྒྲོལ་མ།