Jump to content

རྒོད་ཚེ་བསྟན།

ཡོང་ཁུངས་Wikipedia

དྲ་མིང་རྒོད་ཚེ་བསྟན། མིང་དངོས་ལ་ཚེ་དབང་བསྟན་འཛིན་ཟེར་ཞིང་ཕ་ཡུལ་ལྷོ་ཁ་ཡར་ཀླུངས་ཤེལ་བྲག་གི་འདབས་རོལ་དུ་སྤྱི་ལོ་༡༩༩༧ལོར་སྐྱེས། ལོ་བདུན་ནས་བཟུང་སློབ་གྲྭ་འགྲིམ་སྒོ་ཚུགས། སྤྱི་ལོ་༢༠༡༥ལོར་ལྷོ་ཁ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པ་ནས་ཐོན་ཏེ་བོད་ལྗོངས་སློབ་ཆེན་དུ་རྒྱུགས་འཕྲོད།

དགའ་ཕྱོགས། ཆུང་དུས་ནས་ཁྱིམ་ཚང་ག་ིཤུགས་རྐྱེན་འོག་བོད་ཀྱི་རིག་གནས་དང་གློག་ཆས་རིགས་ལ་དགའ་ཞེན་ཆེན་པོ་ཡོད་པས། སློབ་ཆེན་དུ་རྩིས་འཕྲུལ་ཆེད་ལས་བདམས་པ་དང་། དུས་རྒྱུན་ནས་སློབ་ཕྲུག་གཞན་ལས་ལྷག་པའི་འབད་བརྩོན་བྱས་ཏེ། ཨན་ཏྲོ་མཉེན་ཆས་བོད་བསྒྱར་དང་། ཁ་པར་དང་རྩིས་འཁོར་གྱི་མཉེན་ཆས་འདྲ་མིན་ཐོག་བོད་ཡིག་བཏགས་ཐབས་སོགས་ཀྱི་ཐད་ལ་ཞིབ་འཇུག་བྱས། དེ་མིན་པར་རིས་དང་བརྙན་ཟློས་སྒྲིག་བཟོ། པར་ལེན་སོགས་ཀྱི་ཐད་ལ་དགའ་ཞེན་ཆེན་པོ་ཡོད།

རྒོད་ཚེ་བསྟན་གྱི་པོད་འཕྲིན་དྲ་གནས། http://weibo.com/yarlong

ཨན་ཏྲོ་མཉེན་ཆས་བོད་བསྒྱར་བྱ་སྟངས་སྐོར། http://mp.weixin.qq.com/s?__biz=MzIwOTA4MzcwOQ==&mid=2653718619&idx=1&sn=86173264c3a3d0ee93413a19bfb0645d&scene=4#wechat_redirect