Jump to content

རོལ་པའི་མཚོ་བདུན།

ཡོང་ཁུངས་Wikipedia

སངས་རྒྱས་ཆོས་ལུགས་ཀྱི་གཞུང《མངོན་པ་མཛོད》ལས་བཤད་ཚུལ་ལ། གསེར་རི་བདུན་ཡོད་པ་དག་གི་བར་དུ་མཚོ་བདུན་ཡོད་པ་དེ་རྣམས་ལ་ནང་གི་མཚོ་བདུན་ཟེར་ཞིང་། མཚོ་འདི་རྣམས་ཀྱི་ནང་དུ་ཀླུའི་རྒྱལ་པོ་བརྒྱད་རྩེ་ཞིང་རོལ་བའི་མཚོ་ཡིན་པའི་དབང་གིས་རོལ་བའི་མཚོ་ཞེས་བརྗོད་པ་དང་། རི་རབ་ལྷུན་པོ་དང་སྐམ་ས་གཉིས་ཀྱི་བར་དུ་གནས་ཤིང་། སྐམ་སའི་ནང་ངོས་སུ་ཡོད་པའི་ཆ་ནས་ནང་གི་མཚོ་ཞེས་བརྗོད་པ་ཡིན་པར་བཤད། དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།