རོང་བོ་གངས་དཀར་
མཐོང་རིས་
རོང་བོ་གངས་དཀར་ལགས་ནི་མདོ་སྨད་རེབ་གོང་རོང་བོ་སྡེ་བ་ནས་སྐྱེས་ཤིང་། སློབ་གྲྭ་ཆུང་འབྲིང་རིམ་པས་འགྲིམས་ཤིང་། རེབ་གོང་རོང་བོ་དགོན་ཆེན་དང་ལྷ་ས་སེ་ར་དགོན་པ་ནས་བསྡུས་ར་དང་བློ་རྟགས། རྣམ་འགྲེལ། ཕར་ཕྱིན། དབུ་མ་སོགས་ལ་བསླབ་ཅིང་། ཐུན་མོང་གི་རིག་གནས་སྐོར་ལ་སྦྱངས་པ་མི་དམན་པ་བྱས། དུས་དེབ་སྐོར་ཞིག་ལ་སྙན་ངག་གཙོས་པའི་རྩོམ་རིག་བརྩམས་ཆོས་དང་བསྒྱུར་རྩོམ་མང་པོ་སྤེལ་ལ། ཆེད་མཁས་དང་དྲ་རྒྱའི་མི་སྣ་གང་མང་གིས་གདེང་འཇོག་མི་དམན་པ་འཐོབ་མྱོང་། ༢༠༡༢ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་ཁོང་གི་སྙན་དེབ《མདུད་པ》ཞེས་པ་བཀྲམ།