རོག་སྟོན་དཀོན་ཅོག་སྐྱབས།

ཡོང་ཁུངས་Wikipedia

རབ་བྱུང་གཉིས་པའི་ནང་མང་མཁར་ཚ་ལུང་དུ་གདུང་རྒྱུད་མིང་ལ་རོག་ཅེས་པའི་སྲས་སུ་སྐུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་ཐུགས་བརྩོན་ཆེན་པོས་མདོ་རྒྱུད་སོགས་ཐུན་མིན་དང་ཐུན་མོང་གི་རིག་གནས་རྣམས་གསན། ཁྱད་པར་དུ་དབུས་སུ་བྱོན་ནས་གྲྭ་པ་མངོན་ཤེས་ཅན་གྱི་སློབ་མ་དགེ་བཤེས་ཁུ་སྟོན་དབུས་པ་དར་གྲགས་ཀྱི་ཞབས་ལ་གཏུགས་ཏེ་གསོ་བ་རིག་པའི་དཔལ་ལྡན་རྒྱུད་བཞི་རྫོགས་པར་ཞུས། འཕགས་ཡུལ་དུ་ཐེངས་གཅིག་ཕེབས་ནས་ཐམས་ཅད་མཁྱེན་པ་ཤནྟི་པ་ཕྱི་མ་ལས་གསོ་དཔྱད་ཡན་ལག་བརྒྱད་པ་གསན། གཞུང་གི་ས་བཅད་བསྡུས་དོན་རིན་པོ་ཆེའི་དྲ་བ་ཞེས་བརྩམས་པ་བཅས་རང་གི་སློབ་མའི་ཐུ་བོ་གངས་རིའི་ཁྲོད་ཀྱི་སྨན་པའི་རྒྱལ་པོ་གཉིས་པ་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ་ལ་བཀའ་བབས་སོ། །དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།