Jump to content

རེབ་གོང་གྲུབ་གནས་བརྒྱད་

ཡོང་ཁུངས་Wikipedia

རེབ་གོང་གྲུབ་གནས་བརྒྱད་དང་བཅས་པའི་གནས་ཡིག Guide to the eight power places in the of Repkong

ཤེལ་དགོན་གྲུབ་གནས་ནི། རེབ་གོང་རྫོང་སྲིད་གཞུང་གི་གནས་ཡུལ་ལས་རྒྱང་ཐག་སྤྱི་ལེ25ཙམ་གྱི་བྱང་ཤར་མཚམས་ཀྱི་ཞོ་འོང་དཔྱི་ཞང་དཔོན་རུ་སྡེ་བ་དང་ཅུང་ཉེ་བར་ཆགས་ཡོད། སྟག་ལུང་གྲུབ་གནས་ནི། རེབ་གོང་རྫོང་སྲིད་གཞུང་གི་གནས་ཡུལ་ལས་རྒྱང་ཐག་སྤྱི་ལེ8ཙམ་གྱི་ཤར་ལྷོའི་ཕྱོགས་ཀྱི་རྒྱལ་བོ་ཞང་ཆུ་ཅ་སྡེ་བའི་གོང་རོལ་གྱི་ཨ་མྱེས་སྟག་ལུང་རི་བོའི་མདུན་ངོས་སུ་ཡོད། སྤྱང་ལུང་གྲུབ་གནས་ནི། རེབ་གོང་རྫོང་སྲིད་གཞུང་གི་གནས་ཡུལ་ལས་རྒྱང་ཐག་སྤྱི་ལེ10ཙམ་གྱི་ཤར་ལྷོའི་མཚམས་ཀྱི་ཆུ་ཁོག་ཞང་སྤྱང་ལུང་སྡེ་བའི་ཕུ་ན་ཡོད་པའི་ཨ་མྱེས་ཤིས་བྲག་གི་གནས་རིའི་མདུན་ངོས་སུ་ཡོད། བྲག་དཀར་གྲུབ་གནས་ནི། རེབ་གོང་རྫོང་སྲིད་གཞུང་གི་གནས་ཡུལ་ལས་ལྷོ་ཕྱོགས་ཀྱི་རྒྱང་ཐག་སྤྱི་ལེ15ཙམ་གྱི་སར་ཆུ་ཁོག་ཞང་ཆུ་ཁོག་སྡེ་བ་དང་ཅུང་ཁད་ཉེ་བར་བྲག་དཀར་ལུང་བའི་ནང་དུ་ཡོད། མཐའ་སྨུག་རྫོང་དམར་གྲུབ་གནས་ནི། རེབ་གོང་རྫོང་སྲིད་གཞུང་གི་གནས་ཡུལ་ལས་རྒྱང་ཐག་སྤྱི་ལེ50ཙམ་གྱི་ལྷོ་ཕྱོགས་སུ་ཡོད་ལ། ད་ལྟའི་རྩེ་ཁོག་རྫོང་ཁོངས་སྟོབས་ལྡན་ཞང་ནས་བཞུར་ཆུ་དེད་དེ་རྐང་ཐང་དུ་ཆུ་ཚོད་གསུམ་ཙམ་ལ་སོང་བའི་གཡས་ཕྱོགས་སུ་བྲག་རི་དམར་བོ་ཁེར་སྐྱེས་ཤིག་གི་རྐེད་དུ་ཡོད། མཁར་གོང་གྲུབ་གནས་ནི། རེབ་གོང་རྫོང་སྲིད་གཞུང་གི་གནས་ཡུལ་ལས་རྒྱང་ཐག་སྤྱི་ལེ5ཙམ་གྱི་ལྷོ་ཕྱོགས་སུ་ཉ་ལུང་ཞང་མཁར་གོང་སྡེ་བ་དང་འདབས་འབྲེལ་བར་འཕྲང་གི་བྲག་དམར་ཀླད་ཅེས་པའི་རིའི་ཤར་རྐེད་དུ་ཡོད། སྐྱ་རྒན་གྲུབ་གནས་ནི། རེབ་གོང་རྫོང་སྲིད་གཞུང་གི་གནས་ཡུལ་ལས་ནུབ་ཕྱོགས་ཀྱི་རྒྱང་ཐག་སྤྱི་ལེ20ཙམ་གྱི་ཉ་ལུང་ཞང་གི་ཆར་གཏོགས་པའི་བྱ་ཁྱུང་གི་རྫའི་གཡོན་ཕྱོགས་སམ། ཡང་ན་གཉན་ཐོག་ཞང་ཤ་སྦྲང་སྡེ་བ་ནས་ནུབ་ཕྱོགས་སུ་རྐང་ཐང་ལ་ཆུ་ཚོད་གཉིས་ཙམ་སོང་བའི་སྐྱ་རྒན་གནས་མོར་གྲགས་པའི་གནས་རིའི་ཤར་རྐེད་ཀྱི་ནགས་གསེབ་ན་ཡོད། གོང་མོ་གུར་ཁང་གྲུབ་གནས་ནི། རེབ་གོང་རྫོང་སྲིད་གཞུང་གི་གནས་ཡུལ་ལས་བྱང་ཕྱོགས་ཀྱི་རྒྱང་ཐག་སྤྱི་ལེ20ཙམ་གྱི་སར་ཐོ་ཀྱྰ་གྲོང་རྡལ་སེར་རྒྱ་སྡེ་བ་དང་ཅུང་ཉེ་བའི་གོང་མོ་རིའི་ལྷོ་ངོས་ཀྱི་བྲག་རྐེད་དུ་ཡོད། གཞན་ཡང་མགར་རྩེ་དགོན་གོང་མའི་ཕུ་ན་ཡོད་པའི་ཤེལ་དེའུ་ཆོས་ཀྱི་ཕོ་བྲང་དང་། ཆུ་ཁོག་ཞང་མགར་རྩེ་སྡེ་བའི་ངོགས་སུ་ཡོད་པའི་གཡུ་ལུང་གྲུབ་གནས། བློན་ཆོས་ཞང་གི་ཁོངས་སུ་ཡུལ་ལྷ་ཆེན་པོ་སེ་ཀུ་བྱ་ཁྱུང་གི་རྫའི་གཡོན་ཕྱོགས་སུ་ཡོད་པའི་འབྲུ་གུ་ཅུང་གི་སྒྲུབ་གནས། རྒྱལ་བོ་ཞང་ཆུ་ཅ་སྡེ་བར་ཡོད་པའི་རོ་ཧྲ་ལུང་བ་དང་རོ་དུང་ལུང་ནག སྤྱང་ལུང་གྲུབ་གནས་དང་ཉེ་བར་ཡོད་པའི་སྤྱང་ཕུའི་ལྷ་བྲག་དཀར་བོའམ་པད་མ་འབུམ་རྫོང་། རོང་བོ་གྲོང་རྡལ་ཚོ་བཞི་སྡེ་བར་ཡོད་པའི་བྲག་སེང་གེ་དང་བདེ་མཁར། དམེ་ཤུལ་ལུང་བའི་རྟ་སའི་ཐང་གི་ཉེ་སར་ཡོད་པའི་ཡ་རོང་བུ་མོ་ལྷ་རིས་ཀྱི་སྒྲུབ་གནས། རེབ་གོང་གི་ལུང་བའི་མདོ་དང་དགུ་ཆུ་རྨ་ཆུ་གཉིས་འདྲེས་མཚམས་ཀྱི་གོང་རོལ་དུ་ཡོད་པའི་དགུ་རོང་མ་ཎི་ཐང་། གཉའ་གོང་བྲག་དཀར་རམ་རྒན་རྒྱའི་བྲག་དཀར་གྱི་གྲུབ་གནས་སོགས་གནས་ཕྲན་ཡང་གང་མང་ཡོད། །