Jump to content

རེ།

ཡོང་ཁུངས་Wikipedia

༡.རེ་ནི་ཧ་ཅང་ངམ་ཤིན་ཏུ་ཞེས་པའི་དོན། ལོག་པ་རེ་ཆེ་ནི་ལོག་པ་ཤིན་ཏུ་ཆེ་བའམ་ཤིན་ཏུ་ཕྱིན་ཅི་ལོག་པའི་དོན། ༢.བྱ་ཚིག་རང་དབང་ཅན་གྱི་རྗེས་སུ་སྦྱར་ཞིང་དགག་སྒྲ་དང་མཚུངས་པའི་རྣམ་གཅོད་ཀྱི་ཚིག་ཕྲད་འདིས་མནའ་བོར་བའི་ཚུལ་གྱིས་བྱ་བྱེད་གཏན་ནས་མི་སྤེལ་ཞེས་པའི་དོན་སྟོན་པ་དཔེར་ན་མཁོས་མཆིས་ཏེ་ཆེད་ཀར་འཕངས་རེ་ཞེས་པ་ནི་མཁོན་འཛིན་བྱས་ཏེ་ཆེད་མངགས་ཀྱིས་མདའ་འཕངས་པ་མིན་ཞེས་པའི་དོན་ཡིན་ལ། གེ་སར་རྒྱལ་པོའི་སྒྲུང་དང་དེང་སང་མདོ་ཁམས་ཀྱི་ཡུལ་སྐད་དུའང་དེ་ལྟ་བུའི་རེ་སྒྲ་སྦྱར་སྲོལ་ཡོད། དཔེར་ན་ཁམས་སྡེ་དགེའི་སྐད་དུ་ད་ཕན་ཆད་ཕ་མའི་ཁ་ལ་མི་ཉན་རེ(ཕྱིན་ཆད་ཕ་མའི་ཁ་ལ་ཏན་ཏན་ཉན་གྱི་ཡིན)ནང་གཏམ་ཕྱི་ལ་བཤད་རེ(ནང་ཁུལ་གྱི་གཏམ་དེ་ཕྱི་ལ་གཏན་ནས་མི་བཤད)ལྟ་བུ་སོགས་ཀྱིས་མཚོན། (ཙ) དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།

"https://bo.wikipedia.org/w/index.php?title=རེ།&oldid=112383"ལས་སླར་རྙེད་སོང།