Jump to content

རུ་བཞི།

ཡོང་ཁུངས་Wikipedia

རུ་ནི་བརྡ་སྙིང་པ་ལ་དམག་གི་མིང་ཡིན་ཅིང་། དམག་དཔོན་ལ་རུ་དཔོན་དང་། མདུང་ལ་རུ་མཚོན་སོགས་ཀྱི་ཐ་སྙད་ནི་ད་ལྟའི་བར་དུ་ཡོད། སྔོན་བོད་ཀྱི་དམག་རྣམས་སྦྲ་ནག་ཕུབ་ནས་འགྲོ་བ་ཡང་། 《ཐང་ཡིག》ལས། གྲུ་གུའི་ཡུལ་གྱི་ཨོང་དུ་མན་ཆོད་དུ། བོད་ཀྱི་དམག་དཔུང་སྦྲ་ནག་ཕུབ་ནས་ནི། སོགས་བཤད་པ་ལྟ་བུ་ཡིན། བོད་ཡུལ་སྟོད་སྨད་ཀུན་ལ་ཡང་། གཡས་རུ་དང་། གཡོན་རུ། གུང་རུ། དབུ་རུ་སོགས་ཀྱི་ཐ་སྙད་ཡོད་པ་དེ་ཚོ་ཡང་སྔོན་དུས་བཙན་པོའི་གཡས་གཡོན་མདུན་རྒྱབ་བཅས་ལ་འགྲོ་མཁན་གྱི་དམག་གི་སྐོར་ཚོ་བཞི་དང་། དེ་ཚོའི་སྣེ་འཁྲིད་མཁན་གྱི་རུ་འདྲེན་སྡེ་བཞི་ཟེར་བ་སོགས་ཡོད་པ་དེ་ཚོའི་ཐ་སྙད་ཡིན།དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།