རུ་དར།
མཐོང་རིས་
སྔར་བོད་བཙན་པོའི་དུས་རབས་སྐབས་དམག་དཔུང་གི་རུ་སྡེ་ཆེན་པོ་ལྔ་སོ་སོའི་རུ་སྣེ་འཁྲིད་མཁན་གྱིས་ཁྱེར་བའི་དར་ཆ་སྟེ་དབྱིབས་གྲུ་བཞི། མཐའ་ལ་དཔལ་དར་ཟེར་བ་མེ་རིས་འབར་བའི་དབྱིབས་ཅན་གྱི་ལྕེ་ལྷེ་ཡོད་ཅིང་། ཚོས་གཞི་མི་འདྲ་བ་དང་། དཀྱིལ་གྱི་རི་མོ་མི་འདྲ་བ་ཡོད་ཚུལ《ཆོས་འབྱུང་མཁས་པའི་དགའ་སྟོན》ནང་གསལ་།དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།