རུ་དཔོན།
མཐོང་རིས་
དམག་དཔུང་གི་རུ་སྡེ་ཆེན་པོ་ལྔ་སོ་སོའི་སྤྱི་ཁྱབ་དམག་དཔོན་ལ་ཟེར་ཞིང་། སྔར་བོད་བཙན་པོའི་དུས་རབས་སྐབས་དེས་དམག་སྣེ་འཁྲིད་རྒྱུ་དང་། སྒར་བབས་པ། དམག་དཔུང་བཤར་བ། དམག་རྒྱག་པ། མདུན་བསྐྱོད་ཕྱིར་འཐེན་། མཚམས་འཇོག་སོགས་ཀྱི་བཀོད་འདོམས་བྱེད་རྒྱུའི་འགན་ཁུར་ཡོད་ཅིང་། རུ་སྡེ་རེ་རེ་ལ་རུ་དཔོན་རྒན་གཞོན་གཉིས་རེ་ཡོད་ཚུལ《ཆོས་འབྱུང་མཁས་པའི་དགའ་སྟོན》ནང་དུ་གསལ།དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།