Jump to content

རིས་སུ་མ་ཆད་པའི་བསྟན་པ།

ཡོང་ཁུངས་Wikipedia

བོད་དུ་ནི་རྙིང་མ་ས་སྐྱ་བཀའ་བརྒྱུད་དགེ་ལུགས་སོགས་ནང་པ་སངས་རྒྱསཔའི་ཆོས་ལུགས་ཀྱི་གྲུབ་མཐའ་རིས་མི་འདྲ་བ་མང་དུ་ཡོད་པ་དེ་དག་ཚང་མས་རང་ཉིད་ཀྱི་ཕྱོགས་བཟུང་ནས་གཞན་ལ་དམའ་འབེབས་དང་མཐོང་ཆུང་བཀག་འགོག་སོགས་མི་བྱེད་པའི་ཐོག གྲུབ་མཐའ་རང་རང་གི་ལྟ་སྤྱོད་གཙང་མར་སྐྱོང་བ་དེ་ལ་གྲུབ་མཐའ་རིས་མེད་ཟེར་ ཞིང་། དེ་ལས་ལྡོག་པ་ལ་གྲུབ་མཐའ་ཕྱོགས་རིས་ཅན་ཞེས་བརྗོད་པ་ཡིན་ལ། གྲུབ་མཐའ་ཕྱོགས་རིས་མེད་པ་ཡིན་ཁུལ་གྱིས་ཆོས་ལུགས་སོ་སོའི་ཆོས་སྐད་དང་། མན་ངག ལག་ལེན། ལྟ་ཚུལ་བཅས་ཕར་བསྲེས་ཚུར་བསྲེས་བྱས་པ་ནི་གྲུབ་མཐའ་རིས་མེད་ཀྱི་དོན་ལ་གོ་ནོར་ཐེབས་པ་ཞིག་མིན་ན་གོ་བ་ལོག་སྒྲུབ་བྱས་པ་ཞིག་རེད། བོད་ཀྱི་ལོ་རྒྱུས་ཐོག་ཆོས་ལུགས་གྲུབ་མཐའི་ཕྱོགས་ཞེན་བཟུང་ནས་ཕན་ཚུན་མཐུན་སྒྲིལ་མ་བྱུང་བའི་སྐབས་སུ་མི་རིགས་ནང་ཁུལ་གྱི་མཐུན་སྒྲིལ་ལ་ཡང་གཏོར་བཤིག་ཆེན་པོ་ཐེབས་པ་མ་ཟད། སྐབས་དེའི་དབང་བསྒྱུར་གྲལ་རིམ་དང་ ཕྱི་ནང་གི་དགྲ་བོས་གོ་སྐབས་དེ་བཟུང་ནས་དམག་འཁྲུག་དང་ནང་འཁྲུག་བསླངས་ཏེ་རང་ཉིད་ཀྱི་ཆབ་སྲིད་ལ་ཞབས་འདེགས་ཞུ་ཐབས་བྱས་པའི་དཔེ་མཚོན་མང་པོ་ཡོད་པ་དེ་ཡི་ཐོག་ནས་བསླབ་བྱ་བླངས་ཏེ། ཆོས་ལུགས་གྲུབ་མཐའ་ཁག་རྣམས་ཕན་ཚུན་བར་མཐུན་སྒྲིལབྱེད་རྒྱུ་ནི་རང་ཉིདཀྱི་མི་རིགས་ཧྲིལ་པོ་མཐུན་སྒྲིལ་ཡོང་བ་བྱེད་རྒྱུའི་གལ་ཆེའི་འགན་ལེན་ཞིག་ཡིན།དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།